Dataset Viewer
messages
listlengths 2
2
| token_length
int64 20
758
|
---|---|
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160087.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །སྐལ་པའི་དང་པོ་ལ༔ སོགས་ནས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཛྷཱ་ན་ཨ་བེ་ཤ་ཡ་\nཨ་ཨ་ཨཱ༔ ཞེས་དང་། ཨ་རལླི་ཕོ་ཕོ་ཧྲི་ཧྲི་ཛ་ཛ༔ ཞེས་བཏགས་ཌཱ་དྲིལ་དྲག་ཏུ་འཁྲོལ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་བར་དུ་འཕེལ་འགྲིབ་མེད་པར་བརྟན་\nཔར་བྱས་པར་མོས་མཛོད། ཛྷཱ་ན་ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་བཞག་ལ་རྒྱས་བཏབ་བོ། དེ་ནས་དབང་བཞི་དངོས་ལ། ཐོག་མར་བུམ་པ་འདི་ཉིད་གདོས་བཅས་ཐ་མལ་མ་ཡིན་པར་ཕྱི་བུམ་\nཔའི་རྣམ་པ་ལ། ནང་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་བླ་མ་སྐུ་གསུམ་དགོངས་འདུས་ཀྱི་ལྷ་ཚོགས་ཡུམ་དང་བཅས་པ་སྙོམས་པར་ཞུགས་པས་དགའ་བའི་སྒྲས་དེ་\nབཞིན་གཤེགས་པའི་ཚོགས་རྣམས་སྤྱན་དྲངས། རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་བདུད་རྩི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་སིབ་སིབ་ཐིམ་པས་རྒྱལ་ཐབས་སྤྱི་",
"type": "text",
"url": null
}
],
"role": "assistant"
}
] | 531 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180691.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །གྲངས་མེད་པ་སྐུ་ཚེ་ཧྲིལ་པོར་མཛད་ནས་སྐལ་ལྡན་བྱིན་གྱིས་བརླབས་པ་དང་། མཐོང་ཐོས་དྲན་རེག་གི་འགྲོ་མང་ཐར་པའི་དཔལ་ལ་སྦྱོར། མ་ཧཱ་གུ་རུའི་\nསྐུའི་གནས་ཆེན་སྒྲགས་ཀྱི་ཡངས་རྫོང་། གསུང་གི་གནས་ཆེན་བསམ་ཡས་མཆིམས་ཕུ། ཐུགས་ཀྱི་གནས་ཆེན་ལྷོ་བྲག་མཁར་ཆུ། ཡོན་ཏན་གྱི་གནས་ཆེན་ཡར་ལུང་ཤེལ་བྲག །\nཕྲིན་ལས་ཀྱི་གནས་མཆོག་མོན་མཁའ་ནེ་རིང་སེངྒེ་རྫོང་སོགས་གུ་རུའི་སྒྲུབ་གནས་རྒྱལ་པོ་ལྔ་དང་། ཟ་ཧོར་མཚོ་པདྨ། མདོ་ཁམས་ཀྱི་གནས་ཆེན་ཉེར་ལྔ་ཕལ་ཆེ་བ། བསམ་ཡས་\nསོགས་ལྷོ་གནས་ཁག་དང་། དྭགས་པོ་དང་ཀོང་པོའི་གནས་རྣམས་དང་། ཁམས་ཀྱི་དཀར་མོ་སྟག་ཚང་། འོན་ཕུའི་སྟག་ཚང་། སྤ་གྲོ་སྟག་ཚང་བཅས་གནས་གྲགས་ཆེན་\nགསུམ༑ ཏི་སྒྲོ་བྲག་དཀར། སྤ་གྲོ་བྲག་དཀར་སོགས་བྲག་དཀར་མིང་ཆེན་དུ་མ་དང༌། ཁྱད་པར་གུ་རུའི་སྦས་ཡུལ་ཡོངས་ཀྱི་གཙོ་བོར་གྱུར་པ། གནས་ཆེན་སྦས་ཡུལ་པད་མ་\nབཀོད༑ འབྲས་མོ་ལྗོངས། མཁན་པ་ལྗོངས་སོགས་སྦས་ཡུལ་དང༌། བྲག་ཕུག་མ་ར་ཏི་ཀ །ཡང་ལེ་ཤོད་སོགས་སྒྲུབ་གནས་ཁག་དང༌། མདོར་ན་མདོ་ཁམས་སྟོད་སྨད་",
"type": "text",
"url": null
}
],
"role": "assistant"
}
] | 595 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160282.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཟས་ཀྱིས་འཚོ་བར་ཤོག༔ ཨོ་གུ་རུ་བཛྲ་ས་ཏྭ་སརྦ་ཏ་ཐཱ་ག་ཏ་བྷྱཿ བཛྲ་མ་ཧཱ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་དེའི་ལྷག་མ་སྲིད་པ་\nདོ་ཡི་མགྲོན་ལ་བསྔོ༔ ཨོཾ༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམ་དག་མཐུས༔ གཏན་པ་མེད་པའི་གཟུགས་མཆོག་རྒྱ་མཚོའི་སྤྲིན༔ རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་\nའབུལ༔ གཟུགས་ཕུང་གཏི་མུག་མ་སྤངས་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་ཤོག༔ ཨོཾ་བཛྲ་རཱུ་པ་ཨཱཿཧཱུྃ༔ ཏྲཱྃ༔ ཏིང་འཛིན་སྔགས་དང་ཕྱག་\nརྒྱ་རྣམ་དག་མཐུས༔ གཏན་པ་མེད་པའི་སྒྲ་མཆོག་རྒྱ་མཚོའི་སྤྲིན༔ རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ༔ ཚོར་ཕུང་ང་རྒྱལ་མ་སྤངས་རང་གྲོལ་ནས༔ མཉམ་ཉིད་\nཡེ་ཤེས་མཆོག་ལ་མངའ་བརྙེས་ཤོག༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམ་དག་མཐུས༔ གཏན་པ་མེད་པའི་དྲི་མཆོག་རྒྱ་མཚོའི་སྤྲིན༔ རྡོ་རྗེ་",
"type": "text",
"url": null
}
],
"role": "assistant"
}
] | 552 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150642.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "དག་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་གྱིས་གཟིར་བ་དང་། ཁ་ཐོར་ནི་ལྷ་དང་མིའི་ཡུལ་དུ་གནས་ཤིང་དེ་དག་རྣམས་ཀྱང་གཅིག་གིས་གཅིག་ཟ་བ་དང་། ཁལ་འགེལ་བ། རྨོད་རྨོ་བ།\nསྣ་འབིགས་ཅིང་ཤ་གཅོད་པ། ཟས་གོས་ཀྱི་ཆེད་དུ་སྲོག་གཅོད་པ་སོགས་མདོར་ན་ནམ་མཁར་རྒྱུ་བའི་བྱ་བྱིའུ། ས་ལ་འཛུལ་བའི་སྲོག་ཆགས་ཡན་ཆད་ཀྱང་དབང་ཆེ་བས་ཆུང་བ་གསོད་པ་\nདང་༑ མི་སོགས་མཐོང་ཚད་གཤེད་མ་ཁོང་ལག་ཅན་དུ་མཐོང་ནས་བསད་ཀྱིས་དོགས། བཟུང་གིས་དོགས། བརྡུང་གིས་དོགས་པ་སོགས་ཀྱི་སྡུག་བསྔལ་ནི་མི་ལས་བརྒྱ་འགྱུར་གྱིས་ཆེ་\nབར་བཤད་ལ། དེ་བཞིན་དུ་ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ། ལྷ་མིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་ཉིན་མཚན་ཁོར་མོ་ཡུག་ཏུ་མནར་བ་ཀུན་གྱི་\nམཐུན་སྣང་དུ་གྲུབ་པ་སོགས་མདོར་ན་ཚངས་པ་དང་བརྒྱ་བྱིན། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས་ཀྱང་གནས་སྐབས་ཀྱི་བདེ་བ་དང་སྡུག་བསྔལ་འདྲེས་མ་ཞིག་ཅུང་ཟད་མྱངས་ནས་སླར་",
"type": "text",
"url": null
}
],
"role": "assistant"
}
] | 522 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150319.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འཐུང་ལྷ་ཚོགས་ཀླད་པའི་ནང་ནས་ཐོན༔ རྔམས་དང་མེ་འོད་འཁྲུགས་པས་རྔོ་མ་ཐོགས༔ ཞེས་གསུངས་ལ། འོག་ཏུ་མ་དག་འཇིག་རྟེན་རིགས་དྲུག་གི་བཀོད་པ་འདུལ་བྱེད་ཀྱི་སྟོན་པ་\nདྲུག་དང་བཅས་པ་རང་སྣང་གཟུགས་བརྙན་ལྟར་ཤར་བ་ནི། གཞི་ལས་མ་གཡོས་ཤིང་གཞི་སྣང་ཤར་བ་ཞེས་བྱ་སྟེ་འཆར་ལུགས་བརྒྱད་དུ་སྣང་བས། གདམས་པས་ཟིན་ན་ཐིམ་ལུགས་\nབརྒྱད་དུ་འབྱུང་བ་འོག་ཏུ་རྒྱས་པར་སྟོན་ཏོ། །དེ་ལྟར་རང་སྣང་གཟུགས་སྐུའི་བཀོད་པ་ཐམས་ཅད་ཀྱང་དུས་གཅིག་ཏུ་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟར་བཀྲ་གསལ་ལེ་འཆར་\nཞིང་༑ འདིའི་སྐབས་སུ་གང་ཟག་དེ་ལ་མངོན་པར་ཤེས་པ་ལྔ། རྗེས་སུ་དྲན་པ་དྲུག མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་གྱིས་འཆར་བ་ཆོས་ཉིད་ཡིན་\nལ༑ གཞན་ཡང་སྔར་ཤེས་པ་དང་མ་ཤེས་པའི་ཆོས་ཀྱི་རྣམ་གྲངས་མང་པོ་ཡང་རྒྱུད་ལ་འཆར་བར་གསུངས་སོ། །མདོར་ན་འདི་དག་གི་སྐབས་གང་དང་གང་ལ་གདམས་པའི་གནད་དྲན་",
"type": "text",
"url": null
}
],
"role": "assistant"
}
] | 505 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180657.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །མཐོངས་ཕྱེ་བར་འགྱུར་དུ་ཟད་ཀྱང་། ཐ་མལ་པས་གུ་རུ་མཇལ་བའང་མི་སྲིད། རྗེས་སུ་ཞབས་འདྲེན་མི་ཡོང་བར་མཛོད་ཅིག་ཟེར་བར། ངས་རྨི་ལམ་\nབཤད་ཀྱིན་ཡོད་ཙང་མ་ཐིག་ནའང་རྨི་ལམ་རེད། ཅི་ཞིག་ཞབས་འདྲེན་ཡོང་གསུངས། སེམས་ལ་ངེས་ཤེས་བརྟན་པོ་ཡོད་པས་ཐེ་ཚོམ་རྩ་བ་ནས་མ་བྱུང་གསུངས། ཡང་སྐབས་\nདེར་དངོས་སུ་ཡོད་པའི་ད་ཆ་བལ་ཡུལ་གནས་སྡོད་རྡོ་ལ་ཡེ་ཤེས་རྡོ་རྗེ་སོགས་ཀྱིས་བཤད་པར། མདང་མཁའ་འགྲོས་ལུང་བསྟན་བཞིན་དེ་རིང་ཚོགས་འཁོར་བསྐོར་ཞིང་གསོལ་བ་\nའདེབས་པ་གལ་ཆེན་ཡིན། དེ་རིང་ཆར་པ་ཆད་ཅིང་གནམ་མཐོང་ཕྱེ་བར་འགྱུར་བ་མ་ཟད། ཆར་པ་རྣམས་ཆད་ནས་གནས་ཀྱི་སྒོ་དངོས་སུ་མཐོང་བར་འགྱུར་བ་དང་། ད་དུང་\nསྟབས་ལེགས་ན་གུ་རུ་དངོས་མཇལ་ཡོང་སྲིད་ཅེས་གསུངས། ཟབ་གཏེར་རྟེན་འབྲེལ་ཡོད་པའི་སྒྲིག་སྟངས་གོ་རིམ་འདི་བཞིན་དགོས་ཞེས་བཀོད་པ་གནང་བར། ཐོག་མར་གཏེར་\nགྲོགས་མཁའ་འགྲོ་དོན་གཡང་སོགས་མཁའ་འགྲོ་ལྔ་མདའ་དར་ཐོག་པ་དང་། དེ་ནས་བླ་མ་མཁན་པོ་སེར་སྦྲེང་། དེ་རྗེས་སྐྱ་སེར་ཕོ་མོ་ཚང་མ་བང་སྒྲིག་ནས། ཀུན་ཀྱི་ཞལ་ནས་",
"type": "text",
"url": null
}
],
"role": "assistant"
}
] | 593 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150158.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཡིག་དཀར་པོ་འོད་ལྔ་འཁྲུགས་པའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པའམ། འབྲུ་ལྔ་རང་སྒྲ་དང་བཅས་ཏེ་གཡས་སུ་འཁོར་བ་ལ་ཏིང་འཛིན་གསལ་བརྟན་དུ་གྱུར་པ་དང་། དེ་ལས་འོད་ཟེར་\nཟླའཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད། དེ་དག་གི་བྱིན་རླབས་མ་ལུས་པ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་མཁའ་དབྱིངས་གང་བར་བྱུང་བ་ཐུགས་སྲོག་སྔགས་ཕྲེང་\nལ་ཐིམ་པས། བདེ་གཤེགས་ཀུན་གྱི་མཐུ་སྟོབས་ནུས་རྩལ་མ་ལུས་པ་བདག་ཉིད་ལ་རྫོགས་ཏེ། སྔགས་ཕྲེང་གི་འོད་ཟེར་གྱིས་ལུས་ཀྱི་ནང་ཁེངས། ནད་གདོན་སྡིག་སྒྲིབ་བག་ཆགས་\nདང་བཅས་པ་བ་སྤུའི་བུ་ག་ནས་སངས་ཀྱིས་དག རང་ལུས་སྒྲིབ་བྲལ་སྣང་སྟོང་རྒྱལ་བའི་དཀྱིལ་འཁོར། ངག་གྲགས་སྟོང་སྔགས་ཀྱི་དཀྱིལ་འཁོར། སེམས་གསལ་སྟོང་ཆོས་ཉིད་ཀྱི་\nདཀྱིལ་འཁོར་ཏེ། དཀྱིལ་འཁོར་གསུམ་གྱི་ངང་ནས་ཡིག་བརྒྱ་དང་འབྲུ་ལྔ་ཅི་རིགས་པར་བཟླ་བ་ནི་བདག་དོན་བྱིན་རླབས་ཀྱི་བསྙེན་པའོ། །གཉིས་པ་འཁྱེར་སོ་གསུམ་གྱིས་འགག་",
"type": "text",
"url": null
}
],
"role": "assistant"
}
] | 523 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160378.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །སྤངས༔ ཨོཾ་ཨཱཿཧཱུྃ༔ བཛྲ་མ་མ་ཀ་ཝཱ་ཙི་རཀྵ་ཧཾ༔ བཅུ་བཞི་བསྔོ་སྨོན་ནི༔ ཧོ༔ བདག་གིས་དུས་གསུམ་དགེ་བ་ཅི་བསགས་མཐུས༔ ནམ་\nམཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན༔ བླ་མེད་ཐེག་མཆོག་སྔགས་ཀྱི་སྣོད་གྱུར་ནས༔ པདྨ་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག༔ བཅོ་ལྔ་པ་བཀྲ་ཤིས་ནི༔ ཧྲཱིཿ རྔ་\nསྒྲའི་རྒྱལ་པོ་གཟི་བརྗིད་འོད་དཔག་མེད༔ སྤྱན་རས་གཟིགས་དབང་དབང་ཆེན་རྟ་སྐད་འཚེར༔ སྒྱུ་འཕྲུལ་དྲྭ་བ་པདྨ་རྒྱལ་པོ་ཆེ༔ སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་བཀྲ་\nཤིས་ཤོག༔ ཅེས་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱའོ། །ཞེས་བླ་མའི་ཐུགས་སྒྲུབ་སྐུ་གསུམ་དགོངས་པ་འདུས་པའི་སྒོས་སྒྲུབ་ཐོད་ཕྲེང་སྡེ་ལྔ་གང་དུའང་སྦྱར་ཆོག་པའི་དབང་དུ་བྱས་ནས་གཏེར་གཞུང་དགོངས་པ་\nབཞིན་གསལ་བར་བྱས་པ་འདི་ཡང་བྱེ་བྲག་ཐོད་ཕྲེང་སྡེ་ལྔ་སོ་སོར་ཉམས་སུ་ལེན་པ་དང་དབང་བསྐུར་དང་ཕྲིན་ལས་བྱེ་བྲག་ལ་འཇུག་པའི་སྐབས་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེ་ཡང་། རང་འདྲའི་གཞུང་དོན་གོ་བ་སློང་མི་",
"type": "text",
"url": null
}
],
"role": "assistant"
}
] | 571 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180671.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཡོད་མེད་མ་ངེས། སྐུ་བརྙན་གྲུབ་པ་དང་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གདན་དྲངས་ནས། དཔོན་སློབ་འདུས་གྲྭ་ལྷན་རྒྱས་ཀྱིས་རབ་ཏུ་གནས་པའི་ཆོ་\nག་རྒྱས་པར་མཛད་སྐད་དོ། ཡང་མཆོག་གྱུར་བདེ་ཆེན་གླིང་པའི་ཡང་སྤྲུལ་རིན་པོ་ཆེས་ཕྱག་བྲིས་ནང་། འཛམ་གླིང་དང་སྤྱི་དང་བྱེ་བྲག་གངས་ལྗོངས་བསྟན་འགྲོའི་བདེ་ཐབས་ཆེད་\nགོང་ས་ཆེན་པོ་མཆོག་དང་རྒྱལ་དབང་ཀརྨ་པ་ལྷན་ནས་བཛྲ་གུ་རུ་གང་མང་བསག་སྒྲུབ་དགོས་པའི་བཀའ་དགོངས་ལྷུར་ལེན་ཡིན་ཁུལ་གྱིས་ངོས་ནས་སྦྱིན་བདག་ཞུས་ཏེ་མཚོ་པདྨའི་\nངོས་སུ་དྲག་པོ་ནུས་ལྡན་རྡོ་རྗེ་དབོན་སྤྲུལ་རིན་པོ་ཆེ་དང་། གཏེར་སྟོན་པད་རྒྱལ་གླིང་པ་དབུས་འདུས་གྲྭ་དྲུག་ཅུ་སྐོར་ནས་མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་ཉིན་\nབཅུ་ཕྲག་རིང་བཛྲ་གུ་རུ་བསྙེན་རྒྱན་གྲུབ་ཅིང་། དེ་འཕྲོས་ཕྱོགས་མཚམས་ཕན་ཚུན་ཚང་མར་ངོས་རང་གཉིས་ནས་དགེ་སྐལ་ཞུ་འཆར་བཞིན་གཏེར་སྟོན་རིན་པོ་ཆེ་དེ་ཕྱོགས་ཕེབས་\nསོང་བའི་ཞེས་སོགས་ཕྱག་བྲིས་རིང་པོ་ཞིག་གནང་བའི་མཐར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པའི་སྐྱེ་སྲིད་དུ་འབོད་པ། ༧པདྨ་འགྱུར་མེད་བདེ་ཆེན་ངེས་",
"type": "text",
"url": null
}
],
"role": "assistant"
}
] | 629 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160162.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "མཁོ་འདི་ཙམ་གལ་ཆེ་བར་མཐོང་ནས་གཏེར་སློབ་གུ་ཧྱའི་མིང་གི་རབ་བྱུང་༡༧ ཤིང་མོ་བྱ་ཡི་ལོ་དབྱུག་ཟླའི་ནག་ཕྱོགས་རྒྱལ་བ་གསུམ་པར་ནུབ་ཕྱོགས་ཨེ་ཝཾ་བསྟི་གནས་སུ་བགྱིས་པའི་རང་གཞན་གྱི་དམ་ཚིག་ཉམས་པ་སོས་ཤིང་རྡོ་རྗེའི་\nགསེང་ལམ་ནས་གདོད་མའི་རྒྱལ་སར་དབུགས་དབྱུང་བའི་རྒྱུར་གྱུར་ཅིག། །།",
"type": "text",
"url": null
}
],
"role": "assistant"
}
] | 189 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150028.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཚོགས་སྐོང་ནས་བསྡུ་ལྡང་བཀྲ་ཤིས་བར་སྔ་མ་ལྟར་དང་། ཐོ་གསོལ་གྲུབ་ནས་གཏོར་མ་ཕུལ་ལ་རབ་གནས་བྱ་ཞིང་བཀྲ་ཤིས་མདོར་བསྡུས་བརྗོད། སླར་དགོང་མོ་སྲོད་ཐུན་གྱི་སྐབས་ཐུན་མཚམས་ལྷ་ཡི་ང་རྒྱལ་དང་ལྡན་པས། རང་\nཉིད་སྐད་ཅིག་གི་རྡོ་རྗེ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་སྐུར་གྱུར། དེ་ནས་བགེགས་གཏོར་བསང་སྦྱངས། རྃ་ཡྃ་ཁྃ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བྷྲཱུྃ་ལས་\nརིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། སརྦ་བྷིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴་ཁཾ་གྷྲྀ་\nཧྣ་དཾ་བ་ལིཾ་དྱཾ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ཏེ་གཞུང་གང་ཡིན་གྱིས་བགེགས་བསྐྲད། གུ་གུལ་བདུག །ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། ཐུན་གྱིས་བྲབས་ཤིང་བགེགས་གཏོར་ཕྱིར་བསྐྱལ། ནང་དུ་ལོགས་པ་དང་སྒྲུབ་སྒོ་བསྡམས་\nཏེ་གཞུང་གི་མཚམས་གཅོད་འདོན་མཐར། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་ཅིས་",
"type": "text",
"url": null
}
],
"role": "assistant"
}
] | 629 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150256.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །གསུངས་པ་ལྟར། སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའམ་མཚན་སྣང་རྨི་ལམ་གྱི་སྣང་བ་ལ་བརྟེན་ནས་བར་དོ་ལ་བར་དོ་རུ་ངོ་ཤེས་པར་བྱའོ་སྙམ་དུ་འདུན་པ་\nསྔོན་དུ་བཏང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་བར་དོ་ངོ་ཤེས་དང་སྐུ་གསུམ་དུ་འཆར་བར་མཛད་དུ་གསོལ། ཅེས་གསོལ་བ་\nདྲག་ཏུ་གདབ། རྨི་ལམ་ཟིན་པ་དང་འདི་བར་དོའི་སྣང་བ་ཡིན་འདུག །བདག་གིས་བར་དོའི་མན་ངག་རྣམས་མངོན་དུ་བྱའོ་སྙམ་དུ་དྲན་པར་བྱས་ལ། བར་དོའི་མན་ངག་རྣམས་ཡིད་ལ་\nགསལ་བཏབ་ཅིང་བསྒོམས་པས། རྨི་ལམ་དུ་མ་འཆོར་བར་དྲན་ཅིང་ཟིན་ན་བར་དོ་ཟིན་པར་འགྱུར་རོ། །དེ་ལ་འདིར་དབང་པོ་འབྲིང་རྣམས་ཀྱིས་འཆི་ཁ་བར་དོར་འཆི་ལྟས་བྱུང་བ་\nདང་༑ འཆི་བ་འོད་གསལ་ཆོས་སྐུ་མངོན་དུ་བྱས་ལ། དེ་ལས་བར་དོ་ཟུང་འཇུག་སྒྱུ་མའི་སྐུར་ལངས་ཏེ་སེམས་ཅན་གྱི་དོན་བྱ་བའི་འཕེན་པ་སྔོན་དུ་བཏང་། སད་དུས་ཀྱི་སྣང་བ་",
"type": "text",
"url": null
}
],
"role": "assistant"
}
] | 507 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180127.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འཕགས་འགའ་རེ་བྱུང་བ་སྟེ། །ཡོན་ཏན་མཁན་ཞིག་འོང་ལ་རེ། །བསམ་བློས་ཟིན་ཚེ་ཡོན་ཏན་སློབས། །ང་ནི་འཆི་རྐྱེན་བར་ཆད་འདི། །མཐུ་དང་བྱད་ཅིག་ཡིན་འདུག་པས། །\nཕུང་པོ་མེ་རུ་མ་བསྲེགས་པར། །ལྷ་འདྲེ་དྲག་པོ་གནས་སར་སྦོས། །ད་ནི་མ་མ་ཁ་ཡང་བྲལ། །ང་ནི་མི་རྟགཤི་བྲོད་བདེ། །ཞེས་སོགས་བསླབ་བྱ་མང་དུ་མཛད། །དེ་ཚེ་རང་གི་\nབསམ་པ་ལ། །དྲིན་ཅན་ཨ་མའི་གསུངས་དེ་བདེན། །བྱིས་པ་ཆུང་ངུའི་བྱེད་སྤྱོད་དུས། །དགེ་བཅུ་ཆོས་ལ་བརྩོན་འགྲུས་བསྐྱེད། །རྟགས་དང་ལུང་བསྟན་དེ་ཙམ་ཤར། །ད་ལྟ་མི་\nཚད་ལོན་པའི་དུས། །དགེ་བཅུ་ཕན་སེམས་མེད་པའི་ཁར། །ཀུན་ལ་ཟག་པ་གསོག་པ་འདི། །ལས་ངན་རྣམ་སྨིན་ཡིན་པར་གོ །ཨ་མར་མི་རྟག་ཤར་བ་འདི། །རང་ལ་འོང་བའི་\nངོ་སྤྲོད་ཡིན། །ད་ནས་ཨ་མས་གསུངས་བཞིན་བྱ། །ཨ་མ་གཤེགས་པའི་མཚམས་འདི་ནས། །ཕ་ཡུལ་སྤངས་ནས་འཁྱམས་འགྲོ་བསམ། །དེ་ཚེ་མ་ལ་འདི་སྐད་ཞུས། །ཨེ་མ་",
"type": "text",
"url": null
}
],
"role": "assistant"
}
] | 514 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180380.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །མའི་གཟུགས། །བདག་མོས་པའི་ཅོད་པན་སྤྱི་བོར་འདུད། །གནས་ཀོང་ཡུལ་བདུད་རིགས་མུན་པ་ཅན། །ཆོས་ཟབ་མོ་རིན་ཆེན་དབེན་པའི་ཡུལ། །\nཕག་བྱ་མོ་ནག་ཆགས་མང་བའི་ས། ཁ་མ་རབས་ཞོ་ལད་མུར་བའི་གྲོང༌། །ཟས་གཙོ་བོ་གྲོ་སྲེག་སྐམ་པོའི་ལྟོ། །གོས་རེ་ཐུལ་ཐང་ཞུ་ནག་པོ་གྱོན། །ཚེ་འདུན་མར་རབ་རིབ་སྨྱོ་\nཆང་འཐུང་༑ ༑མི་ཕོ་མོ་དོམ་ནག་ལམ་ཤོར་མཚུངས། །ཡུལ་མི་ལ་བལྟས་ན་མཐའ་འཁོབ་འདྲ། །གནས་ཟབ་ཆོས་བལྟས་ན་ཞིང་ཁམས་འདྲ། །ཕ་གུ་རུས་བྱིན་རླབས་སྦས་པའི་\nཡུལ༑ ༑ཡུལ་ཀོང་རོང་གསང་སྔགས་སྡོང་པོའི་གླིང་། །མི་སྐལ་བ་བཟང་པོའི་བག་ཆགས་ཅན། ཁ་ཕྱོགས་གཅིག་གཏད་ནས་དོན་གཅིག་བྱེད། །ལས་འཕྲོ་མཐའ་གང་འཛིན་\nམཐའ་ཐོན་སྐྱེལ། །ཕྱི་ལྟ་སྤྱོད་སྣང་བ་མ་རབས་ལ། །ནང་བྱེད་ཚུལ་བབས་གནས་ཡ་རབས་འདུག །གནས་བཟང་པོ་ལྷ་ལུང་རྡོ་རྗེའི་བྲག །ཀོང་མུན་ནག་གསལ་བའི་སྒྲོན་མེ་",
"type": "text",
"url": null
}
],
"role": "assistant"
}
] | 508 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160102.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྤྱང་ཕོ་མོ་ཟུང་གི་ཡང་ཡང་བསྐོར་བ་བྱས་ཤིང་། འཇའ་ཚོན་གྱི་གུར་ཕུབ་པ་དང་སྦྲང་ཆར་ཟིམ་བུར་བབ་པ་སོགས་ཟབ་ཆོས་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པའི་རྟགས་མཚན་མིན་ནམ་སྙམ་སྟེ་སྤྲོ་དགའ་དང་བཅས་ཏེ་གྲུབ་པར་གྱུར་ཏོ།། །།",
"type": "text",
"url": null
}
],
"role": "assistant"
}
] | 147 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180538.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ལུང་བསྟན་དང་། །སྐུ་རིམ་ས་ནད་བཅོས་བལྟ་ལ་སོགས་པ། །ཕལ་ཆེར་ཐམས་ཅད་དུས་ལས་ཡོལ་བར་གྱུར། །རེ་ཞིག་གནས་སྐབས་རྩུབ་ཉམས་རྨི་\nལམ་དང་། །སྣང་སྲིད་ལྷ་འདྲེའི་བཀའ་ཡིས་བསྐུལ་བ་དང་། །མི་དབང་སྡེ་པ་ཞལ་ངོ་ན་རིམ་བཞིན། །དགེ་བས་ཡང་དག་དུས་རིམ་བསྐུལ་བ་ལས། །དང་པོ་སྡེ་པའི་ཕོ་བྲང་ནང་\nནས་བཟུང་། །སྤོ་བོ་ཚན་གསུམ་རྣམས་ལ་དབང་ཁྲིད་བགྱིས། །གནས་ཆེན་དགའ་བ་ལུང་མདུན་ནས་བཟུང་སྟེ། །རྒྱལ་བས་བྱིན་བརླབས་མདོང་ཆུ་གཙུག་ལག་སོགས། །མཐའ་\nའདུལ་ཡང་འདུལ་ས་གནད་ཕལ་ཆེར་དུས། །བསྟན་པ་སྤྱི་ལ་ཕན་པའི་སྐུ་རིམ་དང་། །སྒོས་སུ་ཡོན་བདག་སྐལ་ལྡན་བསོད་ནམས་ཆེད། །རི་རླུང་ཐམས་ཅད་གཏེར་གྱི་བུམ་པས་\nབཀང་༑ ལྷ་སྲིན་སྡེ་བརྒྱད་རྣམས་ལ་ཐ་ཚིག་བསྒྲགས། །སྣང་སྲིད་ལྷ་འདྲེའི་རེ་ཁ་ཡས་ཀྱིས་བཀང་། །བྱ་ཁྱི་གཉིས་ཀྱི་ལོ་ནི་སྣེ་སྦྲེལ་འགོར། །ཡུལ་གྱི་ལྷ་སྡེ་མི་སྡེ་བཅས་པ་",
"type": "text",
"url": null
}
],
"role": "assistant"
}
] | 516 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160129.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །སྨན་མཆོད་བསྡུས་པ་ནི། ཨོཾ་ཨཱ༔ཧཱུྃ༔ ཆོས་སྐུ་སྣང་མཐའ་ཐུགས་རྗེའི་ཀློང་དཀྱིལ་ནས༔ ལོངས་སྐུ་ཐུགས་ཆེན་དབང་ཆེན་ཧྱ་གྷྲྀ༔ རང་བྱང་སྤལ་\nསྐུ་པདྨ་ཡབ་ཡུམ་ལ༔ སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་ཁ་ཁཱ་ཧི༔ དགོངས་པས་གཏད་རྒྱ་ཐུགས་རྗེའི་ཀློང་དཀྱིལ་\nནས༔ བུདྡྷ་ཛྷཱ་ན་རྗེ་འབངས་གྲོགས་བཅས་དང་༔ གཏེར་སྟོན་སྤྲུལ་སྐུ་བརྒྱུད་པའི་བླ་མ་ལ༔ སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་\nཁ་ཁ་ཁཱ་ཧི༔ འཕགས་ཡུལ་དཔལ་ཆེན་མཆོག་གྲུབ་རིག་འཛིན་བརྒྱད༔ སྒྱུ་འཕྲུལ་དྲྭ་བ་གུ་རུ་མཚན་མཆོག་བརྒྱད༔ སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ལྷ་ཚོགས་\nལ༔ སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་ཁ་ཁཱ་ཧི༔ བདེ་སྟོང་ཡེ་ཤེས་བྷ་གའི་ཀློང་དཀྱིལ་ནས༔ གསང་བ་ཡེ་ཤེས་བཛྲ་ཝཱ་ར་",
"type": "text",
"url": null
}
],
"role": "assistant"
}
] | 519 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160042.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྂ༔ གསལ་སྟོང་པ་དབྱེར་མེད་ཟུང་འཇུག་ཆེ༔ ལུས་ཀྱི་འཁྲུལ་འཁོར་དག་པའི་རླུང་སྦྱོར་བཅས༔ རང་ལུས་ཐབས་ལྡན་ཡིད་ཀྱིས་ཕྱག་རྒྱ་མར༔ ཨེ་ཝཾ་\nམཉམ་སྦྱོར་བྱང་སེམས་འབར་འཛག་གིས༔ ཡས་མས་བབ་བཟུང་ལྡོག་འདྲེན་དགྲམ་པ་ཡིས༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་ལམ་དུ་བྱ༔ རྩལ་འབྱོངས་ཕྱི་ནང་ཡོན་ཏན་བརྗོད་\nལས་འདས༔ ངག་གི་ལས་དང་རླུང་གི་སྒྲིབ་པ་དག༔ བརྒྱད་པར་སྐལ་མཉམ་ཚེ་དབང་རིག་འཛིན་བརྙེས༔ ཕྲིན་ལས་རྒྱས་པ་འབྲས་བུ་ལོངས་སྐུ་ཐོབ༔ ས་མ་ཡ༔ གསང་\nཆེན་རྡོ་རྗེ་ཐེག་པའི་ལམ་བཟང་པདྨའི་སྙིང་པོའི་རྒྱུད་ལས༔ ལུང་ཨ་ནུ་ཡོ་གའི་ཉམས་ལེན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ཨོཾ༔ སེམས་དཔའ་པདྨའི་སྤྱན་གྱིས་སླར་\nཞུས་པ༔ གསང་དབང་ལམ་གྱི་སྦྱོང་ཚུལ་ཇི་ལྟར་འཛིན༔ ཞེས་གསོལ་སྟོན་པ་འོད་སྣང་མཐའ་ཡས་ཀྱིས༔ བརྗོད་མེད་ཆོས་ཉིད་རང་སྒྲས་འདི་སྐད་གསུང་༔ གསུམ་པའི་ལམ་",
"type": "text",
"url": null
}
],
"role": "assistant"
}
] | 498 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150630.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཉམས་མྱོང་མེད་མོད་ཀྱང་། །དོན་སྒྲོ་འདོགས་གཅོད་པའི་རེ་དོགས་བུད། །བུ་ཞེན་འཛིན་གི་མཁར་བུ་སྒོ་མེད་ནང་། །རྣམ་རྟོག་གི་གླང་བུ་ཚུད་པ་\nབཞིན༑ །རེ་དོགས་ཀྱི་ཀུ་ཅོ་མ་ལྡིར་བར། །གུ་ཡངས་ཀྱི་མལ་དུ་བློ་བདེར་བཞུགས། །དེ་བག་མེད་དུ་ཉལ་བའི་ཁྱི་རྒན་ལ། །ལས་མེད་བྱིས་པའི་དབྱུགས་རྡུང་བྱས། །དབང་མེད་\nཀྱི་སྐད་ཅོར་ཤོར་ནས་ཐལ། །དོན་མེད་དུ་མ་བཞག་མཁྱེན་ལྡན་ཀྱེ། །དེ་ལས་བྲི་ཚོད་མི་གདའ་ཐུགས་ཉམས་ལོངས། ཨེ་གོ། ཐེ་བན་རྒྱལ་ས་ཐེ་པེ་ཞེས་པ་རྒྱ་ཕོ་རྣམས་ནས་ཕྱག་\nརྒྱ་རུག་རུག །རྒྱ་མོ་རྣམས་ནས་གུས་འཛུམ་ཤིག་ཤིག །ཤོག་ཆག་དམར་པོ་ཆར་པ་འབེབ་འབེབས་བྱེད་ས་ནས། རྒྱ་བླ་གསང་སྔགས་པས་འཕྲལ་དུ་བྲིས་ཏེ་ཕུལ་བའོ།། །།",
"type": "text",
"url": null
}
],
"role": "assistant"
}
] | 411 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160374.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །པཱ་ཛ་ཁཱ་ཧི༔ བཞི་པ་བཤགས་པ་ནི༔ ཧོཿ ཡེ་ཐོག་འཁྲུལ་གཞི་བླང་ནས་ད་ལྟའི་བར༔ རིག་དང་མ་རིག་འཁྲུལ་པའི་ལས་དབང་\nགིས༔ བཅས་དང་རང་བཞིན་ཉེས་ལྟུང་དྲི་མའི་ཚོགས༔ འདོད་ཡོན་ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ལྔ་པ་བསྒྲལ་བསྟབ་ནི༔ ནྲྀ་ཏྲི་\nསརྦ་ཤ་ཏྲཾ་ཨ་ཀཪྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿས་འགུགས་ལ། ཧཱུྃ༔ གཟུང་འཛིན་འཁྲུལ་བའི་རང་གཟུགས་དགྲ་དང་བགེགས༔ སྟོང་ཉིད་རྣམ་ཐར་ཨེ་ཡི་བྲུབ་ཁུང་དུ༔ ཚད་\nམེད་ཕྱག་རྒྱ་རྣམ་བཞིས་དབྱེར་མེད་བསྟིམ༔ རྣམ་ཤེས་དབྱིངས་སྒྲོལ་གཟུགས་ཕུང་ཞལ་དུ་སྟོབ༔ ཨ་སྥ་ར་ཎ་ཕཊཿཀྱིས་སྤར། དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་\nཕཊཿཀྱིས་བསྒྲལ། མ་ཧཱ་མཱཾ་ས་རཀྟ་ཀི་ནི་རི་ཏི་ས་རུ་ཏྲ་པྲ་ཝན་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི༔ ཧ་ཧ་ཧ༔ ཧི་ཧི་ཧི༔ ཧཱུྃ་ཧཱུྃ་ཧཱུྃ༔གིས་སྟབས། དྲུག་པ་ལྷག་མ་ནི༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་བྷྱོཿ",
"type": "text",
"url": null
}
],
"role": "assistant"
}
] | 551 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160178.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཚོགས་གཏོར། སྔོན་གཏོར་བཅས་བཤམས། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ་ཐོད་རྔ་མེ་ཏོག་གི་སྣོད། ལས་ཕུར། ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གཏེར་གཞུང་\nལས༑ སྦྱོར་རྗེས་བྱ་བ་གསང་བའི་གཞུང་ལྟར་ལ། དངོས་གཞི་དམ་ཚིག་འཁོར་ལོ་སྒོམ་པ་ནི། ཞེས་པས། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་བདུན། ས་སློང་སྐྱབས་སེམས་ཚོགས་བསགས་བཀའ་བསྒོ་དང་། མཚམས་གཅོད་བྱིན་\nའབེབས་མཆོད་རྫས་རླབས་པའོ། ཞེས་དང་པོ་ས་སློང་བ་ནི། སྒྲུབ་གནས་རྙིང་པར་མི་དགོས་ཤིང་ས་གཞི་མ་བཏུལ་ལྟ་བུ་ཡིན་ན་སྔོན་གཏོར་དཀར་དམར་གཉིས་དང་རྒྱུན་དུ་བགེགས་གཏོར་བཅས་བཤམས་པ་བྲན་ལ། ཨོཾ་བཛྲ་ས་ཏྭ་\nཨཾ༔ རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པའི། རྃ་ཡྃ་ཁྃ༔ བྷྲཱུྃ་ལས་གཏོར་ཞོང་རཏྣའི་གཞལ་ཡས་སུ༔ ཨོཾ་ལས་གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་\nཧྲཱིཿ བྱིན་གྱིས་བརླབས། ཨོཾ་བྷཱུ་མི་པ་ཏི་བཛྲ་ས་མཱ་ཡ་ཛས་མགྲོན་བསྡུས་ལ། ཨོཾ་སརྦ་བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནས་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་",
"type": "text",
"url": null
}
],
"role": "assistant"
}
] | 647 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150576.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ལོང་ལ་བལྟ་བ་ལྟ་བུ་ནི། གདམས་པའི་མན་ངག་རྣམས་དུས་ཐོག་ཏུ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོ་རང་སྣང་ངོ་ཤེས་པས་མ་པང་ལ་བུ་འཇུག་པ་ལྟ་བུ་\nནི༑ གདམས་པའི་དོན་ཉམས་འོག་ཏུ་ཚུད་པས་ཆོས་ཉིད་ཀྱི་སྣང་བ་ཅི་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་སུ་རོལ་པའི་གདེང་ཚུད་པའོ། །སྲིད་པ་བར་དོ་ལས་ཀྱི་\nའཕྲོ་མཐུད་པ་ཡུར་བུ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་། འཆད་པར་འགྱུར་བའི་གདམས་པའི་གནད་དག་\nཔའི་སྐྱེ་སྲིད་བདམས་ཤིང་ལམ་དུ་འཇུག་པའོ། །གསུམ་པ་བརྩོན་འགྲུས་ཐ་མས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའི་གདམས་ངག་ནི། ཞུས་མ་ཐག་པ་ལྟར། ཚེ་\nའདིར་གྲོལ་བ་དང་བར་དོར་གྲོལ་བའི་མན་ངག་ཐོབ་ཀྱང་བརྩོན་འགྲུས་ཞན་པས་དེར་གྲོལ་བའི་གདེང་དང་མི་ལྡན་པས། ཆོས་ཉིད་བར་དོཤར་ཀྱང་ངོས་མ་ཟིན། སྲིད་པ་བར་",
"type": "text",
"url": null
}
],
"role": "assistant"
}
] | 492 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160333.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ནི། ཧོ། མ་ཡེངས་མ་འཁྲུལ་ཉོན་ཅིག་རིགས་ཀྱི་བུ། །འཁོར་བའི་ཆོས་ལ་སྙིང་པོ་རྡུལ་ཙམ་མེད། །དོན་དམ་སྙིང་པོ་རང་རིག་དྲི་མེད་ཉིད། །ཨ་དཀར་རྣམ་པར་ཆོས་ཀྱི་\nདབྱིངས་སུ་གཤེགས། ཨཱཿཕཊ༔ ཅེས་མི་དམིགས་པའི་དབྱིངས་སུ་མཉམ་པར་བཞག་ཅིང་རྒྱས་གདབ་ལ། རྒྱལ་བའི་སྲས་གྱུར་འགྲོ་ཁམས་མ་སྟོངས་པར༔ སྤྲུལ་པའི་འགྲོ་དོན་རྒྱུན་ཆད་མེད་\nཔ་ཡིས༔ ངན་སོང་གསུམ་སོགས་སྡུག་བསྔལ་གྱིས་མནར་བའི༔ མ་གྱུར་འགྲོ་བ་ཡོངས་ཀྱི་དཔལ་དུ་ཤོག༔ ཞེས་སྨོན་ལམ་གདབ། གཉིས་པ་མིང་བྱང་སྦྱོང་བ་ནི། ཧཱུྃ༔ བཅོམ་ལྡན\nརྡོ་རྗེ་སེམས་དཔའི་ཡེ་ཤེས་མེས༔ དམིགས་ཡུལ་ཕུང་ཁམས་སྒྲིབ་བཞིའི་འབུད་ཤིང་ལ༔ ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱ་མཚོའི་གཏིང་༔ ཡེ་ཤེས་སྣང་བ་ཆེན་\nཔོས་སྐམ་གྱུར་ཅིག༔ ཨོཾ་ཧཱུཾ་ཏུྃ་ཧྲཱིཿ་ཨཱཿ ཨོཾ་བཛྲ་ས་ཏྭ་ཨཱཿ འཿཨཿཤཿསཿམཿཧཿ མ་མ་ཀོ་ལི་ས་མནྟ༔ ཨ་ཨ་ཨཱ༔ ཞེས་མཚན་མ་མེད་པའི་དབྱིངས་སུ་རྒྱས་གདབ་པས་ཆོས་སྐུ་",
"type": "text",
"url": null
}
],
"role": "assistant"
}
] | 536 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160185.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཤིང་༔ ངོ་མཚར་རྨད་བྱུང་བཀྲ་ཤིས་རྣམ་རོལ་བཅས༔ ཡེ་ཤེས་ལྔ་ཡི་ངོ་བོར་དབང་བསྐུར་ཞིང་༔ སྣང་མཐའ་གཙོར་གྱུར་རིགས་ལྔའི་དབུ་རྒྱན་རྫོགས༔ གནས་\nགསུམ་གསང་བའི་ཡི་གེ་དཀར་དམར་མཐིང་༔ ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་རྫོགས༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཨ་བྷི་\nཥིཉྩ་མཾ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་བསྟིམ་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་གྱི་དབྱིངས་ནས་བླ་མ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་སྒྱུ་འཕྲུལ་རྣམ་\nཔར་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛས་སད་པར་བསམ། ཛཿ ཆོས་ཉིད་དོན་ལ་གཤེགས་བཞུགས་མི་མངའ་ཡང་༔ ཐུགས་རྗེ་\nའགགས་པ་མེད་པའི་རྒྱལ་བ་རྣམས༔ དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། ཐུགས་རྗེའི་དབང་གིས་ཡང་དག་ཉེ་བར་མཛོད༔ ཧཱུྃ༔ འོག་མིན་མངོན་པར་",
"type": "text",
"url": null
}
],
"role": "assistant"
}
] | 519 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180227.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཡོད་པ་འདི། །དྷ་ན་དྷ་རི་ཏ་ཞེས་བྱ་བ་ཡིན། །ཕ་གི་རི་རོང་དམར་པོ་རྔམ་འཐུག་འདི། །རྒྱ་གར་སྲིན་ཡུལ་གཉིས་ཀྱི་ས་མཚམས་ཡིན། །ད་ནི་འདི་ནས་ས་ལ་བོབ་ཅེས་ཟེར། །ལ་\nདེ་བགྲོད་པའི་རྗེས་སུ་བྲག་རི་ནི། །ནུབ་ཕྱོགས་ཁ་བསྟན་རྔམ་པ་ཟུར་དྲུག་པ། །ལོགས་སུ་ཕུག་པ་མང་པོ་ཡོད་པར་འདུག །འདི་ཡི་མིང་ལ་གང་ཟེར་སྨྲས་ཙ་ན། །རཀྴ་རུ་ནི་ཀོ་ཊའི་\nསྒྲུབ་ཕུག་ཡིན། །འདི་རུ་སྲིན་པོའི་ས་མཚམས་འཛིན་པ་ཡིན། །རིག་འཛིན་གྷོ་ཤྲཱི་བྱ་བ་ཡོད། །གཡས་ཕྱོགས་རི་དམར་གོང་ལམ་མང་པོ་འདི། །སྲིན་པོ་ཛ་ཏུ་ཤ་ཡི་རྒྱུ་ལམ་\nཡིན༑ ༑མདུན་ཕྱོགས་བསྒྲིགས་པའི་རི་དམར་བཅུ་གསུམ་འདི། །ཧད་པ་གོ་ལ་ཤ་ཡི་རྒྱབ་རི་ཡིན། །གཡོན་ཕྱོགས་ཤིང་རི་དམར་པོའི་ཚལ་ཆེན་འདི། །ཡ་མ་ཤནྟིཤ་ཡི་དུར་ཁྲོད་\nཡིན༑ ༑རོང་གི་ཆུ་བོ་དམར་ཆེན་འབབ་པ་འདི། །གུ་ར་ཧ་ཡི་རཀྟའི་ཆུ་རྒྱུན་ཡིན། །མི་མགོའི་རྒྱན་དང་གཡང་གཞིས་སྤྲས་པའི་མཁར། །ཟམ་པ་ལྡེམ་ཆེན་དྲུག་ཏུ་འདུག་པ་",
"type": "text",
"url": null
}
],
"role": "assistant"
}
] | 558 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160274.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཆོད་པརཤོག༔ རཾ་སྤ་ར་ཎ་ཕཊ༔ ཡཾ་སྤ་ར་ཎ་ཕཊ༔ ཁཾ་སྤ་ར་ཎ་ཕཊ༔ ནྲྀཿཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ན་ཏྲཾ་ཧཱུྃ་ཕཊཿ དུག་ལྔའི་ལས་དང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐམས་\nཅད་སརྦ་པྲ་བེ་ཤ་ཡ་ཕཊ༔ བྱང་སེམས་ཆུ་ཡིས་བག་ཆགས་ལྷག་མེད་སྦྱངས༔ ཧཱུྃ༔ བཀྲ་ཤིས་དྲི་མེད་བུམ་པ་བཟང་པོ་ནས༔ ཡེ་ཤེས་ལྔ་ལྡན་ཆུ་ཡི་ལེགས་ཁྲུས་པས༔ དམིགས་ཡུལ་\nཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་དུག་ལྔའི་དྲི་མ་དག་གྱུར་ཅིག༔ ཡིག་བརྒྱ་ཁྲུས་བདུན་སྔགས་ཀྱིས་ཡང་དག་བཀྲུ༔ དུག་ལྔའི་ལས་དང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་\nཐམས་ཅད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྔ་པ་ལྷ་མིན་གནས་ནས་དྲངས་པ་ནི༔ ཀྱེ་མ༔ མ་ཡེངས་ཉོན་ཅིག་དམིགས་ཡུལ་རིགས་ཀྱི་བུ༔ ས་འདི་བཅད་པ་མན་ཆད་ལྷ་མིན་\nགནས༔ ཕན་ཚུན་འཐབ་རྩོད་སྡུག་བསྔལ་བརྗོད་ལས་འདས༔ སྐྱེ་བའི་རྒྱུ་ནི་ཉོན་མོངས་ཕྲག་དོག་སྟེ༔ གནོང་ངོ་འགྱོད་དོ་གནས་རིས་དེ་སྤོངས་ལ༔ ས་འདི་བཅད་པ་ཡིན་",
"type": "text",
"url": null
}
],
"role": "assistant"
}
] | 546 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160007.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འདུས་ལས༔ སྣང་གསལ་སྨོན་ལམ་ཡེ་ཤེས་གསང་རྫོགས། 227-228 ཙ༽ རྡོར་སེམས་པདྨ་གསང་ཐིག་གི་དགོས་བསྐང་། 229-232 ཚ༽ རྡོར་སེམས་ཚོགས་\nབསྡུས། 223-234 ཛ༽ སྐུ་གསུམ་དགོངས་འདུས་ཆ་ལགས་ཚོགས་གླུ་དབྱར་རྔའི་སྒྲ་དབྱངས། 235-238 ཝ༽ སྐུ་གསུམ་དགོངས་འདུས་ལས། ནང་སྒྲུབ་རྡོར་སེམས་\nཔདྨ་གསང་བའི་ཐིག་ལེའི་བདག་འཇུག་གི་ཆོ་ག་དངོས་གྲུབ་འདོད་འཇོ། 239-256 ཞ༽ སྐུ་གསུམ་དགོངས་འདུས་ལས༔ གསང་སྒྲུབ་རྡོ་རྗེ་སེམས་དཔའི་སྒོ་ནས་གནས་\nའདྲེན་ལྕགས་ཀྱུ་རྣོན་པོ། 257-286 ཟ༽ སྐུ་དགོངས་ནང་སྒྲུབ་རྡོར་སེམས་པདྨ་གསང་ཐིག་གི་གནས་འདྲེན་ཟུར་འདེབས་མཐོང་བ་དོན་གསལ། 287-306 འ༽ གནས་\nའདྲེན་སྐབས་རྒྱས་པར་འདོད་ཡོན་ལྔ་སོ་སོར་བསྔོ་བ། 307-310 ཡ༽ སྐུ་གསུམ་དགོངས་འདུས་ལས། ནང་སྒྲུབ་རྡོར་སེམས་གནས་འདྲེན་བསྡུས་པ་ཐར་ལམ་མྱུར་",
"type": "text",
"url": null
}
],
"role": "assistant"
}
] | 515 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180108.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །པར་བྱ་བའི་ལས་འཕྲོ་མེད། །ཡུལ་འདི་ནས་ཤར་ལྷོའི་མཚམས་ཤེད་ན། །དཔལ་ཐུགས་རྟེན་གླིང་ཞེས་བྱ་བ་རུ། །རྔོག་བློ་ལྡན་ཤེས་རབ་སྤྲུལ་པ་\nབཞུགས༑ ༑གཞི་བསླབ་པའི་ཐེག་པ་དེ་རུ་ཞུགས། །ལར་དེ་ནས་མི་རིང་ཉེ་བ་རུ། །ཡུལ་འདི་ནས་ཉི་མ་ནུབ་ཀྱི་ཕྱོགས། །བྱང་འབྲི་གུང་རྩེ་ཞེས་བྱ་བ་རུ། །འབྲོམ་སྟོན་པ་རྒྱལ་\nབའི་སྤལ་པ་བཞུགས། །ལམ་ཉེ་མོའི་གདམས་ངག་དེ་ནས་ལོངས། །ལར་དེ་ནས་མི་རིང་ཉེ་བ་རུ། །གནས་རྔ་ཡབ་འོད་ཀྱི་ཞིང་ཁམས་སུ། །ཕ་འགྲོ་མགོན་པདྨ་འབྱུང་གནས་\nབཞུགས༑ ༑དོན་མངོན་དུ་གྱུར་པ་དེ་ནས་ལོངས། །མི་ང་ནི་འབར་བ་རྡོ་རྗེ་ཡིན། །དོན་ལུང་བསྟན་མ་བརྗེད་ཡིད་ལ་ཟུངས། །རྟགས་དེ་རྣམས་དུས་ལ་མ་བབ་པར། །ཚིག་ཟུར་\nཙམ་མི་ལ་བཤད་འགྱུར་ན། །རྐྱེན་བར་ཆད་ཉོ་བ་ཐག་གིས་ཆོད། །དུས་རྒྱུན་དུ་ང་ཡིས་གྲོགས་བྱེད་ཟེར། །དེ་མ་ཐག་ཏུ་གཉིད་ཀྱང་སད་པ་དང༌། །སྐྲ་ཕུད་འབུལ་སའི་བླ་མ་བཙལ་",
"type": "text",
"url": null
}
],
"role": "assistant"
}
] | 533 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150507.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དེ། དེའང་སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་དང་ལག་ལེན་འབྲེལ་བའི་ཁྱད་པར། རང་སྣང་མངོན་སུམ་དུ་གཟིགས་པའི་ཁྱད་པར། ལུས་\nགནད་རྩ་ཡི་ཁྱད་པར། སྣང་བྱེད་སྒོ་ཡི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། ཉམས་མྱོང་འཕེལ་སྣང་གི་ཁྱད་པར་དང་བདུན་དུ་བསྟན་པ་ལས། དང་པོ། ཁྲེགས་ཆོད་\nཀྱིས་ས་རྡོ་སོགས་འཁྲུལ་སྣང་གི་ཡུལ་དག་མི་ནུས་ལ། ཐོད་རྒལ་གྱིས་སྣང་བ་འོད་ལྔར་བྱེད་པའི་ཁྱད་པར་དང༌། གཉིས་པ། ཁྲེགས་ཆོད་ཀྱིས་སྟོང་པར་མཇལ་བ་ལས་རང་\nའོད་མི་མཐོང་བ་དེ། ཐོད་རྒལ་གྱིས་གནད་གཅུན་པས་ཆོས་ཉིད་ངོ་བོའི་འོད་གསལ་ནང་དུ་ཟིན་དུས། ཆོས་ཅན་རང་མདངས་ཀྱི་འོད་གསལ་ཕྱིར་སྣང་བ་ལག་ལེན་ལ་བསྟན་དུ་\nཡོད་པའི་ཁྱད་པར། གསུམ་པ། རིག་པའི་ཡེ་ཤེས་ཁྲེགས་ཆོད་དུ་བལྟར་མེད་ཀྱིས་རྒྱས་བཏབ་ནས་མཐོང་དུ་མེད་པ་གཅིག་ཏུ་ཐག་བཅད་པ་སྟེ། ཐོད་རྒལ་དུ་ཡེ་ཤེས་ཀྱི་",
"type": "text",
"url": null
}
],
"role": "assistant"
}
] | 472 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170011.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ལས་བྱང་སྙིང་གི་ཐིག་ལེའི་བདུད་རྩི་ལག་མཆོད། 185-187 ས༽ བླ་མ་བདེར་འདུས་ཐུགས་ཀྱི་ནོར་བུ་ལས༔ བསྐང་བ་བསྡུས་པ་དྲི་མེད་ཤེལ་\nཕྲེང་། 189-197 ཧེ༽ བླ་མ་བདེར་འདུས་ཐུགས་ཀྱི་ནོར་བུ་ལས༔ གསང་སྒྲུབ་ཚེ་ཡི་འཁོར་ལོ་ཡིད་བཞིན་ནོར་བུ། 198-211 ཨ༽ རྩ་བའི་བླ་མའི་བསང་རིག་འཛིན་\nཨོ་རྒྱན་པདྨ་འབྱུང་གནས་མི་འཇིགས་རྡོ་རྗེས་མཛད་པ། 212-213 ཀི༽ རྩ་གསུམ་གླིང་པས་མཛད་པའི་མགོན་པོ་ཕྱག་བཞི་པའི་བསང་། 214-215 ཁུ༽ དཔལ་ལྡན་ལྷ་\nམོའི་བསང་མཆོད་མི་འཇིགས་རྡོ་རྗེས་མཛད་པ། 215-216 གེ༽ ཐུགས་སྤྲུལ་གསུམ་པ་གསང་སྔགས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་དྲང་སྲོང་གཟའ་ཡི་བསང་\nབསྡུས། 217-218 ངོ༽ གསང་བ་ཌཱཀྐི་ཡིད་བཞིན་ནོར་མཆོག་ལས། གཏེར་སྲུང་ལས་ཀྱི་མ་མོའི་བསང་མཆོད་ཡིད་བཞིན་གཏེར་འབྱུང་ཨྰཪྻ་དྷྭཛས་མཛད་པ། 219-",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160554.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྃ༔ \nརིལ་ནི༔ ཐང་ཕྲོམ་དང་ནི་ཕག་མཁྲིས་གཉིས༔ རྩ་སྔགས་དེ་ཡི་མང་ནན་ནས༔ སྣོད་དུ་རྡོ་བཞག་བསྲེགས་ཏེ་བདུག༔ ཁ་བཅད་སྨྱུགས་སྦུག་རྒྱུད་ནས་དྲངས༔ དེས་ནི་སྟོད་མཛེསེལ་བར་འགྱུར༔ ལྟེ་འོག་སོར་བཞི་མུ་ཁའི་སྟེང་༔ མཁལ་\nརྩ་གཉིས་དང་བོལ་གོང་གཉིས༔ མེ་ཚུགས་བརྒྱབ་ནས་རྐང་ཁྲག་ཕྱུང་༔ དེ་ཡི་སྨད་མཛོ་སེལ་བར་འགྱུར༔ ཁྱད་པར་མཛེ་རིགས་ལྔ་འབྱུང་སྟེ༔ སྲོག་འཛིན་ལོག་ནས་སྣ་སྦུགས་འགགས༔ ཁྱབ་བྱེད་ལོག་ན་ངོ་གདོང་སྦོས༔ མེ་མཉམ་ལོག་",
"type": "text",
"url": null
}
],
"role": "assistant"
}
] | 304 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170179.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། ལུགས་མི་མངའ་ཡང༌། ། ཐབས་མཁས་གང་འདུལ་སོ་སོར་སྐུར་སྟོན་པ། ། ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད། ། \nམཐར། ཐུགས་ཀར་ཟླ་སྟེང་གསེར་གྱི་རྡོ་རྗེ་ཡི། ། ལྟེ་བར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། ། འོད་འཕྲོས་སྒྲིབ་སྦྱངས་སྣོད་བཅུད་ལྷ་སྔགས་ཀྱི། ། ཡེ་ཤེས་ཆེན་པོའི་\nདཀྱིལ་འཁོར་འབྱམས་ཀླས་གྱུར། ། ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ། བར་མཚམས་སུ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་\nཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་\nགསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གང་འགྲུབ་གསོལ་བ་འདེབས། མཐར། བླ་མའི་གནས་བཞིའི་འོད་ཟེར་གྱིས། ། ",
"type": "text",
"url": null
}
],
"role": "assistant"
}
] | 515 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180257.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བམ་ཁོག་ཆེན་པོ་ལྔ། །གཡང་གཞི་བམ་ཤུན་ཐོག་ཏུ་བཞག་ནས་སོང་། །དེ་ཚེ་ལས་ཀྱི་མ་མོ་འདྲ་བ་ཡིས། །མི་རྐང་གླིང་བུ་ལན་གསུམ་བུས་པ་དང་། །གནས་ཡུལ་ཀུན་གྱི་དཔའ་\nབོ་མཁའ་འགྲོ་རྣམས། ཁ་ཆར་བུ་ཡུག་ཇི་བཞིན་གཏིབས་ནས་བྱུང་། །དེ་ཡི་ནང་ནས་མཁའ་འགྲོ་ཕྲ་མེན་གཟུགས། །མི་བཟད་གར་བསྒྱུར་སྟོན་པ་བཅུ་གཉིས་ཀྱིས། །ལག་ན་གྲི་\nཁུག་བྷནྡྷ་ཐོགས་ནས་སུ། །བམ་རོ་རྣམས་ལ་བསྐོར་བ་བྱེད་པ་ནི། །གར་སྟབས་ཚུལ་གྱིས་བརྡ་འགྲོས་སྣ་ཚོགས་བསྒྱུར། །དེ་ཚེ་བམ་རོ་ཨོཾ་ཨཱཿཧཱུྃ་སོགས་ཀྱིས། །བྱིན་གྱིས་\nབརླབས་ནས་ཡེ་ཤེས་ཚོགས་སུ་བསྒྱུར། །ཚོགས་ལས་སྐབས་སུ་མཁའ་འགྲོ་དེ་རྣམས་ཀྱིས། །གྲི་ཁུག་འབར་བས་བམ་རོའི་མགོ་ལུས་ཕྲལ། །ཀླད་ཁྲག་གཅིག་དང་དབང་པོ་ལྔ་\nབཅས་པ། །མ་ཧཱ་གུ་རུའི་ཕྱག་ཏུ་ཕུལ་ནས་སོང་། །ཀླད་ཁྲག་གཉིས་དང་དབང་པོ་དུམ་པ་རེ། །ལྷ་ལྕམ་མཚོ་རྒྱལ་གཉིས་ལ་ཕུལ་ནས་སོང་། །ཀླད་ཁྲག་གཅིག་དང་དབང་པོ་དུམ་",
"type": "text",
"url": null
}
],
"role": "assistant"
}
] | 535 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180575.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དང་། ཁྱུང་པོ། སྤོ་བོ་སོགས་སུ་བཞུགས་པར་སྣང་། གདན་སའི་མཐིལ་སྤོ་བོ་ཁྲོམ་གཟིགས་རྔམས་ཆེན་རོང་དུ་མཛད། སློབ་ཚོགས་ཅི་རིགས་\nཔར་འདུས་ཤིང་ཕྲིན་ལས་རྒྱས་པར་བྱུང་ནའང་དགུང་ལོ་བཞི་བཅུ་རྩ་བཞི་པ་ཙམ་ལ་སྐུ་གཤེགས་པས་མཛད་པ་མཐར་ཕྱིན་མ་བྱུང་བར་སྣང་། གཤེགས་རྗེས་ཀྱི་བྱ་བ་སློབ་ཚོགས་\nརྣམས་ཀྱིས་ལེགས་པར་སྤེལ་ཤིང་། སྐུའི་སྤྲུལ་པ་རོང་སྨོན་ཨོ་རྒྱན་རིག་འཛིན་ཁྲོམ་གཟིགས་གདན་སར་བཞུགས། གསུང་གི་སྤྲུལ་པ་ཀུན་བཟང་འཆི་མེད་ནོར་བུ་སྤོ་བོ་དགའ་བ་\nལུང་གི་ཕྱོགས་སུ་བྱུང་བར་གྲགས་ཀྱང་སྤྲུལ་བརྒྱུད་མི་གསལ། ཐུགས་ཀྱི་སྤྲུལ་པ་རིག་འཛིན་མི་འཇིགས་རྡོ་རྗེ་ཁྱུང་པོ་ཕྱོགས་ལ་བཞུགས་པ་སྟེ་གོང་འོག་གཉིས་ཀྱི་སྤྲུལ་བརྒྱུད་ད་\nལྟའི་བར་ཡོད། སློབ་མའི་གཙོ་བོ་ཐུགཾས་སྲས་རིག་འཛིན་ཐུགས་མཆོག་རྡོ་རྗེས་ཟབ་གཏེར་ཕལ་ཆེར་ཟུང་མཁར་ཐེག་ཆེན་གླིང་པ་སོགས་ལ་སྩལ་ནས་རྒྱུན་འཕེལ་བར་\nབྱུང་༑ གཞན་ཡང་དཀོན་སེང་པཎྜི་ཏ་དང་། རྗེ་ཀུན་དགའ་བློ་གྲོས། ཡེ་ཤེས་རྒྱལ་མཚན་སོགས་བསྟན་པ་སྤེལ་ནུས་པའི་ཞལ་སློབ་ཀྱང་འགའ་ཞིག་བྱུང་། འདི་ཉིད་རིག་འཛིན་",
"type": "text",
"url": null
}
],
"role": "assistant"
}
] | 596 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170020.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "པོ༑ ༑རྔ་ཡབ་བཞུགས་པ་དེ་དྲན་ནོ། ། མགོ་ནག་སྐྱེ་དགུ་ཡི་མགོན་ཅིག། བོད་ཡུལ་གསང་སྔགས་ཀྱི་སྒྲོན་མེ། ། མཚོ་སྐྱེས་རྡོ་རྗེ་དེ་དྲན་ནོ། ། རྗེས་འབྲངས་སྨིན་བྱེད་ཀྱི་\nགཙོ་མོ། ། དགོངས་བརྡ་རྒྱ་མཚོ་ཡི་དཀྱིལ་འཁོར། ། མ་ཅིག་མཚོ་རྒྱལ་དེ་དྲན་ནོ། ། སྐལ་ལྡན་གྲངས་མེད་ལ་སྨིན་གྲོལ། ། འཇའ་ལུས་བུམ་སྐུ་ཡི་ཨ་མ། ། མཁར་ཆེན་\nབཟའ་མཚོ་དེ་དྲན་ནོ། ། རིག་འཛིན་རྒྱ་མཚོ་ཡི་བརྡ་གྲོགས། ། རྟེན་འབྲེལ་ཕྱོགས་མེད་ཀྱི་འབྱུང་གནས། ། ཌྰཀྐི་དབྱངས་ཅན་དེ་དྲན་ནོ། ། བཀའ་དྲིན་འཁོར་མེད་ཀྱི་བླ་\nམ༑། ཚོགས་གཉིས་སྟབས་གཅིག་ལ་སྟོན་པའི། ། རྩ་བའི་བླ་མ་དེ་དྲན་ནོ། ། མི་འབྲལ་སྙིང་ག་རུ་རྟག་པར། ། པདྨ་འཛུམ་པ་ཡི་དབུས་སུ། ། བསྒོམ་ཞིང་གསོལ་\nའདེབས་ཀྱི་བུ་ལ། ། བྱིན་རླབས་དབང་བཞི་རྣམས་བསྐུར་ཞིང་། ། མཆོག་ཐུན་དུས་འདི་རུ་སྨིན་པའི། ། རྩོལ་མེད་ཐུགས་རྗེ་ཡིས་སྐྱོངས་ཤིག། སྐྱེ་དང་ཚེ་རབས་ཀུན་",
"type": "text",
"url": null
}
],
"role": "assistant"
}
] | 551 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160626.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བརྒྱད་གཞི་བདག་དྲག་རྩལ་ཅན༔ མཁའ་ལ་འགྱུ་ཞིང་གདོང་ལ་གནས་པ་དང་༔ ལོ་ཟླ་ཞག་དུས་ཆུ་ཚོད་དབང་བ་རྣམས༔ རིན་ཆེན་གསེརདེ་རིང་དྲག་པོ་གཏོར་མའི་\nཟོར་ལམ་ཕྱེས༔ གདོང་དུ་མ་སྡོད་གཡས་གཡོན་སྐུ་བཟུར་ཅིག༔ མ་རུངས་དམ་ཉམས་དགྲ་ལ་ཟོར་སྣ་དྲོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེནས་\n© སྒོ་དབྱེ་བ་ནི། ཕྱག་རྒྱ་བཞི་ལ། ཕྱག་མཚན་བཞི་ཐོགས་ལ་གསེར་སྐྱེམས་དང་བཅས། ཧཱུྃ་ཛཿ ཤར་ཕྱོགས་ཁྲོ་མོ་སྟག་གདོང་མ༔ གསེར་སྐྱེམས་མཆོད་པ་འདི༴དྲག་པོའི་ཕོ་བྲང་ཤར་སྒོ་\nཕྱེས༔ དམག་དཔུང་བསྐྱེད་ཕྱིར་བཞེས་སུ་གསོལ༔ ཧཱུྃ་ཧཱུྃ༔ ལྷོ་ཕྱོགས་ཁྲོ་མོ་དྲེད་གདོང་མ༔ གསེར་སྐྱེམསདྲག་པོའི་ཕོ་བྲང་ལྷོ་སྒོ་ཕྱེས༔ དམག་དཔུང༴ཧཱུྃ།\nབཾ༔ ནུབ་ཕྱོགས་ཁྲོ་མོ་དོམ་གདོང་མ༔ གསེར་སྐྱེམས ༴དྲག་པོའི་ཕོ་བྲང་ནུབ་སྒོ་ཕྱེས༔ དམག་དཔུང༴ ཧཱུྃ་ཧོཿ བྱང་ཕྱོགས་ཁྲོ་མོ་སྤྱང་གདོང་མ༔ གསེར་",
"type": "text",
"url": null
}
],
"role": "assistant"
}
] | 541 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160091.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཅིག །རང་ཉིད་བླ་མ་པདྨ་ཧེ་རུ་ཀ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ། སློབ་དཔོན་གྱི་ཡུམ་མཐིང་འོད་འབར་མ་ལས་རིགས་མཐུན་གྱི་ཤེས་\nརབ་མ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་མོས་ལ། ཧོ ང་ཡི་པདྨ་བདེ་ཆེན་དགྱེས་པ་འདི༔ རྒྱལ་བ་\nཀུན་གྱི་ཡེ་ཤེས་བསྐྱེད་པའི་གནས༔ སྐལ་ལྡན་ཁྱོད་ཀྱིས་འདི་ཟུངས་རྟག་ཏུ་མཆོད༔ འདི་སྤངས་པ་ལ་མཆོག་གི་དངོས་གྲུབ་མེད༔ དེ་ཕྱིར་ཐེ་ཚོམ་མེད་པའི་བརྟུལ་ཞུགས་\nབསྐྱེད༔ ཡུམ་གྱི། ཨ་ནུ་རཱ་ག་ཡ་ཧོས་ཆགས་པ་བསྐུལ། ཡབ་གྱི། ཨ་ནུ་རཱ་ག་ཡ་མི༔ དགྱེས་པ་སྟེར། ཛཿཧཱུྃ་བཾ་ཧོས་ཉེ་བར་བསྐུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་ཛྙཱ་ན་བཛྲ་སྭ་བྷཱ་\nཝ་ཨཱཏྨ་ཀོཉ་ཧཾ། གཉིས་མེད་སྦྱོར་ཞིང་བདེ་བའི་ཡེ་ཤེས་བསྐྱང་༔ ཧོ༔ ཆོས་སྐུའི་ཡེ་ཤེས་མངོན་སུམ་ལམ་ལོངས་ཕྱིར༔ གང་ཞིག་ཆགས་སྤངས་ལྟ་བུའི་ཁམས་གསུམ་ན༔ སྡིག་",
"type": "text",
"url": null
}
],
"role": "assistant"
}
] | 536 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150073.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །འགྱུ་འདི་གར། །མ་ཐུལ་ལམ་གྱི་ཡོན་ཏན་རྒྱ་ཆེར་མི་འབྱུང་། །བཟུང་ན་སྦྲུལ་གདུག་གཙེས་འདྲ་ཇེ་བས་ཇེ་རྩུབ། །དེ་ཕྱིར་སེམས་ཀྱི་གཤིས་སུ་རང་\nབབས་ལྷོད་ནས། །ཅི་ཡང་ཡིད་ལ་མ་བྱེད་ཕྱམ་གྱིས་སྐྱར་ཐོང་། །ཆུ་རྙོགས་མི་བསྒུལ་འཇོག་པའི་ཐབས་ཡིན་ཨེ་གོ །དང་པོར་གནས་ཆ་བཟང་པོ་སྐྱེ་བའི་ཐབས་སུ། །སྒོ་ལྔ་ཡིད་\nཤེས་མ་ཕྱེད་ཆམ་མེར་སྐྱུར་ཐོང་། །ཡུལ་དང་ཡུལ་ཅན་འཇོག་པའི་ཐབས་ཡིན་ཨེ་གོ །འདས་དང་མ་འོངས་མ་ཕྱེད་ཆམ་མེར་སྐྱུར་ཐོང་། །བདེ་བ་སྡུག་བསྔལ་འཇོག་པའི་ཐབས་ཡིན་\nཨེ་གོ །ཞི་གནས་ལྷག་མཐོང་མ་ཕྱེད་ཆམ་མེར་སྐར་ཐོང་། །བླང་བྱ་དོར་བྱ་འཇོག་པའི་ཐབས་ཡིན་ཨེ་གོ །ཀུན་གཞི་ཆོས་སྐུ་མ་ཕྱེད་ཆམ་མེར་སྐར་ཐོང་། །རྣམ་ཤེས་ཡེ་ཤེས་\nའཇོག་པའི་ཐབས་ཡིན་ཨེ་གོ །རྟོག་དཔྱོད་ཅི་ཡང་མ་བྱེད་ཆམ་མེར་སྐྱུར་ཐོང་། །སྒོ་ལྔའི་ཤེས་པ་མ་བཀག་ཧ་རེར་སྐྱུར་ཐོང་། །ལུས་དང་ཤེས་པ་མ་བསྒུལ་ཅོག་གེར་སྐྱར་ཐོང་། །",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180431.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "རིགས༑ ༑གནས་ཀྱི་མདུན་དུ་ཡོད་པ་ཐམས་ཅད་ཀྱིས། །མདའ་དར་ཐོགས་ནས་བསུ་ཆང་ཁྱེར་ཏེ་བྱུང༌། །དེ་ཡིས་རྟེན་འབྲེལ་ཤིན་ཏུ་ལེགས་པར་འགྲིགས། །རིམ་བཞིན་མཚོ་\nདཀར་ཁ་རུ་སླེབས་པ་དང་། །སྦྲང་ཆར་ཟིམ་མེ་འཇའ་གུར་འཁྱིལ་ཏེ་བྱུང་། །དེ་ནས་ཀླུ་རྒྱལ་དབང་ལག་སྤྱིལ་བུར་སླེབས། །དཀར་གཏོར་བསྔོས་ཤིང་ཕྲིན་ལས་བཅོལ་བ་ལས། །\nམལ་གྲོ་གཟི་ཅན་ཁྱེའུ་ལོ་བརྒྱད་ཚུལ། ཤ་ཡི་ཟུར་ཕུད་ལྡན་པ་ཞིག་བྱས་ནས། །ཐ་ཚིག་གཏོར་མ་ལེན་ཕྱིར་མཆིས་ནས་སུ། །བསྟན་པ་བསྲུང་བར་ཞལ་བཞེས་རྟེན་འབྲེལ་\nབསྒྲིགས༑ ༑དེ་ནས་རིམ་བཞིན་རྟ་མགྲིན་སྒྲུབ་པར་ཞུགས། །ནག་པོ་བདུན་ཙམ་སོང་བའི་ནུབ་མོ་ལ། །ལྷ་བཙན་རྡོ་རྗེ་འབར་བ་དཔོན་གཡོག་གསུམ། ཁོ་བོའི་མདུན་དུ་གདན་\nའདྲེན་བྱེད་དུ་བྱུང་། །གསོལ་ཇ་ལ་སོགས་མཆོད་བསྟོད་ལེགས་པར་བྱས། །དེ་ཚེ་ལྷ་བཙན་ཞལ་ནས་འདི་སྐད་གསུངས། །རིག་འཛིན་ཆེན་པོ་སྔར་ནས་ཕེབས་ན་ཡང་། །ངེད་",
"type": "text",
"url": null
}
],
"role": "assistant"
}
] | 536 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150516.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྤངས་ནས་མི་སྨྲ་བར་གནས་པར་བྱའོ། །ཡིད་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད་དང་། ནང་བློ་སྦྱོང་ལྷ་སྒོམ་སོགས་དང༌། གསང་བ་བསྐྱེད་རྫོགས་སེམས་འཛིན་\nསོགས་ཡིད་ཀྱི་བྱ་བ་ཐམས་ཅད་སྤངས་ལ་རྟོག་མེད་དུ་གནས་པར་བྱའོ། །དེ་ལྟར་ལུས་དལ་བས་རྩ་དལ། རྩ་དལ་བས་རླུང་སེམས་དལ། རླུང་སེམས་དལ་བས་རྣམ་རྟོག་\nརང་ཤུགས་ཀྱིས་འགགས་ནས་འོད་གསལ་གྱི་ཡེ་ཤེས་མྱུར་དུ་སྐྱེ། ལུས་ཀྱི་འབྱུང་བ་མི་འཁྲུག་ཅིང་ནད་ཉུང་། ངག་གི་བྱ་བ་ཐམས་ཅད་བཏང་བས་རླུང་རང་སོར་རྒྱུ་ཞིང་དལ་\nབས་ཚེ་རིང་། ཟག་མེད་ཀྱི་ཡེ་ཤེས་མྱུར་དུ་སྐྱེ། སེམས་ཀྱི་བྱ་བ་བཏང་བས་རྣམ་རྟོག་རྣམས་དུས་གཅིག་ལ་འགགས་ཏེ་ཁྲེགས་ཆོད་ཀྱི་དོན་རྒྱུད་ལ་སྐྱེ་བར་འགྱུར་རོ། །སྐབས་\nསུ་བཅུད་ཅན་གྱི་ཟས་བསྟེན་ལ་ཁམས་གསེང་བ་སོགས་ཐིག་ལེ་རྒྱས་པར་བྱ་བ་ནི་གནད་དོ། །གཉིས་པ། སྒོ་གསུམ་གྱི་གནད་སྟོན་པ་ལས། དང་པོ་ལུས་གནད་བཞུགས་",
"type": "text",
"url": null
}
],
"role": "assistant"
}
] | 498 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150197.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ལྟར་ཐོ་རོ་རོ་བཟླས༔ ཕྲིན་ལས་བཞི་ཡི་སྔགས་ནི༔ ཞི་བའི་སྔགས་འཇམ་ལ་རིང་བ༔ རྒྱས་པ་བརྗིད་ལ་རྔམ་པ༔ དབང་མྱུར་ལ་གཙང་བ༔ དྲག་པོ་རྣོ་ལ་འགྱུ་བའོ༔ སྔགས་སྒྲ་\nཡང་བུང་བས་རྩི་མྱོང་བའི་སྒྲ་ལྟར་སྙན་པ་རང་སྒྲ་ཅན་དུ་བཟླས་སོ༔ གསུམ་པ་སྤྲོ་བསྡུ་ནི༔ སྔགས་བཟླས་པའི་ཚེ༔ གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གྱུར་ནས༔ ལུས་ཀྱི་ནང་\nཐམས་ཅད་གང་༔ རིམ་བཞིན་བ་སྤུའི་བུ་ག་ནས་འཕྲོས་པས༔ སྣོད་བཅུད་ཐམས་ཅད་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པར་བསམ༔ སྔགས་སྒྲ་ལས་སྤྲོས་པའི་ལྷ་མོ་མཆོད་འཛིན་མ་\nདཔག་ཏུ་མེད་པ་སྤྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཚུར་བསྡུས་པས་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་འུབ་\nཀྱིས་བསྡུས་ནས་རང་ལ་ཐིམ་པར་བསམ༔ ཟིལ་གྱིས་གནོན་པ་ན༔ སྔགས་ཕྲེང་སྔར་ལྟར་འཕྲོས་པ་ལས༔ རང་འདྲ་བའི་ཁྲོ་བོའམ་ཞི་བ་དཔག་ཏུ་མེད་པར་གྱུར་ནས༔ ཕ་རོལ་གྱི་གཟི་",
"type": "text",
"url": null
}
],
"role": "assistant"
}
] | 526 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160468.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "དངོས་འཛིན་སྦྱངས༔ ཨེ་ཡཾ་ཁཾ་རཾ་ལཾ་ལས་ཡུམ་ལྔའི་མཁར༔ འབྱུང་ལྔ་རིམ་བརྩེགས་རི་རབ་སྲུང་འཁོར་དབུས༔ བྷྲཱུྃ་ལས་རང་བྱུང་ལྷུན་གྲུབ་གཞལ་མེད་ཁང་༔ སྒོ་གྲུ་རྟ་\nབབ་མཚན་ཉིད་ཡོངས་རྫོགས་དབུས༔ སྣ་ཚོགས་འདབ་བཞིའི་ལྟེ་བར་རྨ་བྱའི་ཁྲིར༔ ཐབས་ཤེས་ཟུང་འཇུག་ཉི་ཟླ་འོད་འབར་སྟེང་༔ ཧྲཱིཿ ལས་གུ་རུ་པདྨ་ཐོད་ཕྲེང་རྩལ༔\nཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་འཛུམ་སྒེག༔ ཕྱག་གཡས་རབ་རྒྱས་པདྨ་ཐུགས་ཀར་གཏོད༔ གཡོན་པས་དེ་ཡི་ཡུ་བ་བྱས་པ་ཡི༔ དྲིལ་བུ་དཀུར་བརྟེན་པདྨ་ཕག་མོ་\nའཁྲིལ༔ དར་དང་རཏྣ་རུས་པའི་རྒྱན་གྱིས་སྤྲས༔ ཞབས་གཉིས་རྡོར་སྐྱིལ་འཇའ་འོད་ཀློང་དུ་གསལ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཤར༔ གཙོ་བོའི་ཐུགས་\nདབུས་པད་ཉི་དྲེགས་པའི་སྟེང་། རྟ་མགྲིན་དམར་ནག་གྲི་ཐོད་ཡུམ་དང་སྦྱོར། ཕྱོགས་བཞིའི་འདབ་མར་རྟ་མགྲིན་རིགས་བཞི་དང་༔ སྒོ་བཞིར་ཚད་མེད་གིང་ཆེན་ཡབ་ཡུམ་",
"type": "text",
"url": null
}
],
"role": "assistant"
}
] | 521 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170127.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། ཕྱོགས་བཅུའི་རྒྱལ་བ་མཆོད། ། བསྡུས་པས་བྱིན་རླབས་བདག་ལ་ཐིམ། །འགྲོ་དྲུག་སེམས་ཅན་སྒྲིབ་པ་སྦྱངས། །བསྙེན་སྒྲུབ་མཐའ་རུ་མ་ཕྱིན་\nབར། ། སྲོག་ཕྱིར་མི་གཏོང་སྒྲུབ་ལ་བརྩོན། ། མཆོག་ཐུན་དངོས་གྲུབ་ཐོབ་གྱུར་ཅིག །ཨོཾ་གུ་རུ་ལོ་ཧ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུྃ། སངས་རྒྱས་ཡེ་ཤེས་སྔགས་ནི། ཨོཾ་གུ་རུ་བུདྡྷ་\nཛྙཱ་ན་ཨཱ་ཡུཿསིདྡྷི་ཧྲཱིཿ རིགས་འདུས་པད་འབྱུང་རྡོར་འཆང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྤྱི་དྲིལ་སྒྲུབ་པའི་སྔགས་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛཿ \nསིདྡྷི་ཕ་ལ་ཧཱུྃ་ཨཱཿ ལས་སྦྱོར། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ བསྙེན་\nམཚམས་སུ་གསོལ་བ་བཏབ་པ་ནི། ན་མོ་གུ་རུ་ལོ་ཧ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུྃ། དུས་གསུམ་རྒྱལ་བའི་སྤྱི་གཟུགས། བསྐལ་བཟང་སངས་རྒྱས་དབང་པོ། རྒྱུད་ལུང་མན་ངག་",
"type": "text",
"url": null
}
],
"role": "assistant"
}
] | 642 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160661.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བྷྲཱུྃ ༔ ཧཱུྃ༔ ཕོ་བྲང་ཆོས་དབྱིངས་ལྷུན་གྲུབ་མདངས་ལྔའི་ཀློང་༔ གྲུ་བཞི་སྒོ་བཞི་རྩིགས་པ་ཕ་གུ་དང་༔ དྲྭ་ཕྱེད་མདའ་ཡབ་རིན་ཆེན་ཆོས་འཁོར་ཏོག༔ རྡོ་རྭ་པད་ཕྲེང་དུར་\nཁྲོད་མེ་ཟེར་འཁྲིགས༔ མ་བཅོས་ཕོ་བྲང་དཀྱིལ་འཁོར་ཆེན་པོའི་དབུས༔ པདྨ་ཉི་ཟླ་རིན་ཆེན་ཁྲི་འཕངས་སུ༔ འཆི་མེད་མགོན་པོ་དབང་ལྷུན་ལྟར་བརྗིད་པ༔ ཞལ་གསུམ་\nདཀར་དམར་མཐིང་ལ་ཁྲོ་འཛུམ་མཛེས༔ དབུ་སྐྲ་བཅིངས་ཤིང་རྟ་དབུ་ལྗང་ཞུར་འཚེར༔ རིགས་ལྔའི་དབུ་རྒྱན་དར་དཔྱངས་ཅོད་པཎ་འཕུར༔ གཡས་གཉིས་རྡོ་རྗེ་རིན་ཆེན་\nཡུ་བ་འཛིན༔ གཡོན་གཉིས་པདྨ་རྒྱ་གྲམ་ཡུ་བ་འཛིན༔ རྩ་གཉིས་འཁོར་ལོ་ཚེ་བུམ་ཡུམ་ལ་འཁྱུད༔ དར་ཚོན་ཀླབ་ཅིང་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གསང་ཡེ་དམར་མོ་\nམཉེན་ལྕག་སྐུ་ལ་འཁྲིལ༔ མདའ་དར་ཕྱར་ཐབས་བྷནྡྷཱ་ཡབ་ལ་སྟོབ༔ ཟུང་འཇུག་ངང་ལ་བདེ་ཆེན་གཟི་འབར་བསྒོམ༔ ཧཱུྃ༔ ཕྱི་རོལ་འདབ་བརྒྱད་གེ་སར་མཛེས་པའི་",
"type": "text",
"url": null
}
],
"role": "assistant"
}
] | 536 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160623.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བསྔོ་སྨོན་རྒྱས་པར་བྱའོ།། །།༈ ཉིན་ཐ་མ་འཕང་བ་དྲག་པོ་གཡུལ་འགྱེད་ལ། གྲོལ་ཉིན་བརྒྱུད་འདེབས་ནས། བཟློག་པ་གྲངས་བསགས་ནས་ཐལ་རྡེབ་བར་སྔར་ལྟར་ལ། ཨོཾ་བཛྲ་པཱ་ཎི་ས་\nཔ་རི་ཝཱ་ར་བཛྲ་ཨརྒྷཾ༴ཤཐ་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིངྐ་ཁ་ཁ་ཁཱ་ཧི། ཅེས་བཟློག་མཆོད་རྣམས་བཟློག་པར་བསྟབས། ཧཱུྃ། དཔལ་ཆེན་ཐུགས་མཆོག་འཇིགས་བྱེད་གར་དགུས་བརྒྱན། །རྡོ་\nརྗེ་ཁྱུང་ཆེན་དབུ་རྒྱན་ཕྱག་མཚན་རྫོགས། །རྒྱུད་སྲུང་ཁྱབ་འཇུག་བྱ་རོག་གདོང་ཅན་བཅས། །དཀྱིལ་འཁོར་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མདུན་བསྐྱེད་ལྷ་ཚོགས་\nནམ་མཁར་བཏེག་ལ། སྥ་ར་ཎ་ཕཊ྄ཿཀྱིས་དབྱེ་བའི་རྒྱས༔ སྐད་ཅིག་མདུན་བསྐྱེད་གཏོར་མའི་ཡེ་ཤེས་པ༔ ནམ་མཁར་གཤེགས་ཤིང་གཟུ་དཔང་མཛད་པར་གྱུར༔ སཾ་ཧ་ར་ཎ་ཧཱུྃ་གིས་\nབསྡུ་རྒྱ་བཅས༔ སྐབས་དེར་སྲུང་ཟློག་འཁོར་ལོ་ཁ་བསྒྱུར། མདུན་བསྐྱེད་དམར་ཆེན་གཏོར་མའི་དམ་ཚིག་པ༔ བདག་གི་སྙིང་ཁའི་ཧཱུྃ་ལ་ཐིམ་པར་གྱུར༔ ས་མ་ཡ་དགྲ་བགེགས་ཧ་ལ་ཧ་ལ་",
"type": "text",
"url": null
}
],
"role": "assistant"
}
] | 589 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150506.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "སྡོམ་དབེན༔ ཞེས་གསུངས་པ་ལྟར། རྫོགས་པ་ཆེན་པོའི་རང་སྐད་གཤིས་ལ་ཐད་དྲང་དུ་བཤད་ནས་གཏན་ལ་དབབ་པའི་དོན་ཐད་ཀའི་ཤེས་པ་རྒྱུ་འབྲས་སྤང་བླང་ལས་འདས་\nཔ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལམ་དུ་འཁྱེར་བ་ནི་གནད་དོ། །གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་རྒྱུ་འབྲས་དགེ་སྡིག་མེད་པ་ཐད་དྲང་དུ་བཤད་པ་\nལྟར་ཡིན་མོད། རང་ཅག་རྣམས་ཀྱི་བློས་དེ་ལྟར་རྟོགས་ཀྱང་གོམས་པས་ཐོག་ཏུ་མ་ཕེབས་པས། གཤིས་ལ་མི་སྐྲག་ཅིང་ལས་འབྲས་ཆ་ཕྲ་བ་ལ་འཛོམ་པ་དང་སྦྱར་ནས་བཤད་\nདོ༑ ༑འདི་དག་གིས་གཞི་ཀ་དག་གི་གནས་ལུགས་ལྟ་སྒོམ་སྤྱོད་གསུམ་གྱིས་གཏན་ལ་དབབ་པའི་སྐབས་སོ། ། ༈ གཉིས་པ་འོད་གསལ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་བཤད་\nཔ་ལ་གསུམ་སྟེ། ཁྲེགས་ཆོད་ལས་འཕགས་ཚུལ། སྒྲོན་མ་འཆར་ཚུལ། ཐོད་རྒལ་དངོས་བཤད་པའོ། །དང་པོ་ནི། ཀུན་མཁྱེན་ཆེན་པོས་འཕགས་ཚུལ་བདུན་དུ་བཞེད་",
"type": "text",
"url": null
}
],
"role": "assistant"
}
] | 495 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160005.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཟབ་གཏེར་གྱི་ཁོངས་སུ་འདི་ཉིད་ཆ་ཚང་འཇུག་པར་མ་ནུས་ཀྱང་། གལ་ཆེ་བ་ཁག་གཅིག་འདིར་ཟུར་འཇུག་གི་ཚུལ་དུ་འགོད་པར་བྱེད་པ་ལ། ཐོག་མ། ཀ༽ བླ་མའི་ཐུགས་\nསྒྲུབ་སྐུ་གསུམ་དགོངས་འདུས་ལས༔ གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་པདྨའི་སྙིང་པོའི་རྒྱུད། 1-62 ཁ༽ སྐུ་གསུམ་དགོངས་འདུས་ལས། དབང་བཞི་ཡེ་ཤེས་ཆར་\nའབེབས་ཁྲིགས་སུ་བསྡེབས་པ་སྐལ་ལྡན་སྨིན་བྱེད། 63-92 ག༽ སྐུ་གསུམ་དགོངས་འདུས་ལས་བྱང་ཆུང་བའི་བརྒྱུད་འདེབས་བྱིན་རླབས་བཅུད་འདུས། 93-94 ང༽ བླ་\nམའི་ཐུགས་སྒྲུབ་སྐུ་གསུམ་དགོངས་འདུས་ལས༔ ཡང་གསང་བླ་མའི་སྒྲུབ་ཐབས་ཕྱག་རྒྱ་གཅིག་པ་ཕྲིན་ལས་རྡོ་རྗེ་སྙིང་པོ། 95-118 ཅ༽ སྐུ་དགོངས་ལས་བྱང་འབྲིང་པོའི་\nསྨན་མཆོད་བསྡུས་པ། 119-120 ཆ༽ སྐུ་གསུམ་དགོངས་འདུས་ལས། རྩ་སྒྲུབ་བླ་མའི་ལས་བྱང་རྒྱུན་ཁྱེར་དངོས་གྲུབ་འདོད་འཇོ། 121-132 ཇ༽ སྐུ་གསུམ་དགོངས་",
"type": "text",
"url": null
}
],
"role": "assistant"
}
] | 518 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170043.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ཞལ་གདམས་གཉིས་བྱོན་གསོལ་འདེབས་། སྐྱོངས། ། ལྟ་བའི་རྒྱ་མཚོ་འཁྱིལ་ན་ཉ་ཚང་བདེ། ། བསྟན་པ་མ་ཐོབ་བར་དུ་བྱི་དོར་གཙོ། ། ལྟ་བའི་ཀློང་ལ་སྒོམ་པའི་བདུད་རྩི་འདི། ། སྤྱོད་པ་\nརྒྱ་ཡན་ལྷུག་བཞག་གཞོན་ནུའི་བྱད། ། རང་བཞིན་ཆོས་སྐུ་མཛེས་མའི་བཞིན་རས་ལ། ། བལྟ་བའི་ཟུར་མིག་ཡིད་ཀྱི་ཀུ་མུད་བཞད། ། ཆོས་ཉིད་ལང་ཚོའི་ཟེའུ་འབྲུ་\nཕྲུམས་པའི་ངོག། རིག་པའི་བུང་བས་དགའ་བཞིའི་ཉམས་དབྱངས་ལེན། ། རྣལ་འབྱོར་མ་ཁྱོད་བདག་གི་ཟབ་ལམ་དཔལ། ། སྐུ་གསུམ་དབུ་མའི་འཁྲི་ཤིང་ཤིན་ཏུ་\nལྡེམ༑༑དགའ་མའི་ལམ་འདི་མངོན་ཐོབ་ཡིད་རབ་ཕྱོགས། ། བཟང་མོའི་ཆུ་སྐྱེས་བདེ་དགའི་མགྲོན་དུ་ཁུག། ཅེས་ཚིགས་སུ་བཅད་པའི་ཞལ་གདམས་ཏེ་དང་པོའོ། ཞེས་པའང་དགེ་བའི་བཤེས་\nགཉེན་ཡོངས་འཛིན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་ངོར། ཕྱོགས་ཉུལ་དུ་རྒྱུ་བ་སྔགས་འཆང་ཨོ་རྒྱན་རྩ་གསུམ་གླིང་པས་བགྱིས་པ་དོན་དང་ལྡན་པར་སྨོན་ནོ།། །། ",
"type": "text",
"url": null
}
],
"role": "assistant"
}
] | 533 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150620.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཡེ་ཤེས་བླ་མའི་སྐབས། མཚམས་པ་དབང་དབང་ཕྱུག་ལགས་ནས་དྲིས་ལན། ཁྱེད་གནས་བདེ་ཆེན་ཕོ་བྲང་ལ་ལོ་གསུམ་ནང་སྒྲུབ་པ་བྱས་པ་དང་ཐོད་རྒལ་\nཟླ་བ་གསུམ་བལྟས་ལུགས་སོགས་ལ་བལྟས་ན་བརྩོན་འགྲུས་བརྩམ་ཡོད་ཚོད་འདུག འོན་ཀྱང་ཁྱོད་ཐོད་རྒལ་ཤར་ཚུལ། ཁྱེད་ཀྱིས་འབུལ་ཡིག་ལ་ཞིབ་པར་བལྟས་པའི། ཤེས་རབ་རང་\nབྱུང་གི་སྒྲོན་མ་གསེར་གྱི་ཨ་ལོང་འཁྱིལ་བའི་ནང་། སྐུ་རང་བྱུང་དུ་ཤར་བ་ཞེས་པ་དང་། རྒྱང་ནག་ཆུ་ཡི་སྒྲོན་མ་ཁ་དོག་མེ་ཏོག་ཚལ་རྒྱས་པ་སོགས་གསུང་ཚུལ་ཐོད་རྒལ་གྱི་སྒྲོན་མ་བཞི་\nཕལ་ཆེར་ཐིག་ལེ་དང་ལུག་རྒྱུད་ལྟ་བུ་ཕྱི་སྣང་ཁོ་ནར་གོ་ཚུལ་ལ་བརྟགས་ཚེ་ཁྱོད་རང་བླ་མ་ནས་མན་ངག་གདར་ཤ་ཡག་པོ་མ་བཅད་པའི་རྟགས་ཤིག་སྣང་ལ། དེ་དཀའ་ངལ་གྱི་རྒྱུ་རྐྱེན་དང་\nཔོ་ཡིན་པར་བསམ། དེ་བཞིན་ལུག་རྒྱུད་ལ་འཛིན་པ་ཞུགས་ནས་ལུག་རྒྱུད་དངོས་པོར་གོལ་བའི་སྐྱོན་ཞེས་དམ་པ་དུ་མའི་གསུངས་ལ། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས་ཀྱང་། གཟུང་",
"type": "text",
"url": null
}
],
"role": "assistant"
}
] | 504 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180669.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཞེས་གཏེར་ཆེན་པད་རྒྱལ་གླིང་པའི་རྣམ་ཐར་ཉུང་ངུར་བསྡུས་པ་ལས། ཆོས་བདག་ལྕགས་མདུད་སྤྲུལ་སྐུ་དང་ལྷན་དུ་དག་སྣང་དྲག་པོ་ཀཱི་ལ་ཡའི་ཚོས་ཚན་\nཡི་གེར་ཕབ་ཅིང་རྟེན་འབྲེལ་མཛད་པའི་སྐབས་ཏེ་ཉེར་གཅིག་པའོ།། །། དེ་ནས་༡༩༦༡ ལོར་ཟ་ཧོར་རྒྱལ་པོའི་གུ་རུ་པདྨ་གསོན་སྲེག་བྱས་པའི་ཚེ་གུ་རུས་མེ་དཔུང་མཚོ་རུ་\nབསྒྱུར་བར་གྲགས་པའི་གནས་མཆོག་མཚོ་པདྨ་ཞེས་པར་ཕེབས་ཏེ་ལོ་ཤས་རིང་སྒྲུབ་གྲྭ་བསྐྱངས། གནས་དེར་མནྡཱ་ར་བའི་སྒྲུབ་ཕུག་དང་། གུ་རུའི་ཞབས་རྗེས་དང་ཕྱག་རྗེས་མང་\nཔོ་ཨོ་རྒྱན་པདྨའི་ལུང་བསྟན་དང་དག་སྣང་ཅི་རིགས་པར་བྱུང་ཞིང་ཕྱི་ཉིན་འཚོལ་བོས་དངོས་སུ་ངོ་འཕྲོད་པ་དེ་འདྲ་མང་ཞིག་བྱུང་ཚུལ་ལོ་རྒྱུས་མང་ཞིག་ཞལ་ལས་ཐོས་ཀྱང་། དེ་མ་\nཐག་ཏུ་བརྗེད་ཐོར་བཀོད་མ་ཐུབ་པ་དང་དེ་ཁུལ་ལ་ཆ་རྒྱུས་དེ་ཙམ་མེད་པས་ཡིད་ལ་མ་ངེས། དེར་སྒྲུབ་གྲྭར་མི་བརྒྱད་ཙམ་བཙུགས་ཤིང་ཉིན་རེ་བཞིན་བཀའ་ཆོས་བཤད་ཁྲིད་བཅས་\nགནང་༑ མཚོ་བསྐོར་བ་སོགས་ཀྱིས་འབུལ་བ་གང་བྱུང་ཐམས་ཅད་བསག་ནས་པདྨ་བཀའ་ཐང་ཤིང་པར་དུ་བརྐོས་ནས་ཆོས་སྦྱིན་མཛད། ཐེངས་གཅིག་ཁུ་ནུ་དང་ག་ཤ་སོགས་ཀྱི་",
"type": "text",
"url": null
}
],
"role": "assistant"
}
] | 603 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150523.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །དུ་རིག་པ་ཐིམ་འགྲོ་བ་ལྟར་གཏད་པས། རིག་གདངས་སྔོ་རི་བ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་བ་དེ་ནི་ཕྱི་དབྱིངས་ཞེས་བྱ་ལ། དེ་ལས་\nསྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཁ་དོག་ལྔ་པ་ཟ་འོག་གི་ཁ་ཕྱེས་པ་ལྟར་གསལ་བ་ནི་ནང་དབྱིངས་ཞེས་བྱའོ། །དེ་ལྟར་དབྱིངས་རྣམ་དག་གི་སྒྲོན་མ་ཤར་བ་དེའི་ནང་\nདུ་ཐིག་ལེ་སྟོང་པའི་སྒྲོན་མ་ཐིག་ལེ་ཟླུམ་སྐོར་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ལ། དེ་ལ་རྒྱང་ཞགས་ཆུ་ཡི་སྒྲོན་མའི་གཟིགས་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་\nཤིན་ཏུ་དྭངས་ལ་ཡུལ་མེད་ཅིག་ཏུ་ཉམས་སུ་མྱོང་བ་ནི། ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་ལ། དེ་ལས་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང་ཚིག་དོན་ཀློང་རྡོལ་དུ་\nའཆར་བ་ནི་དེའི་རྩལ་ཡིན་ནོ། །དེ་ལས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་མུ་ཏིག་བསྟར་ལ་བརྒྱུས་པའམ། གསེར་སྐུད་ལྡིང་བ་ལྟ་བུར་སྣང་བ་ལ་ཤེས་རབ་ཀྱི་གདངས་",
"type": "text",
"url": null
}
],
"role": "assistant"
}
] | 485 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160449.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ར༑ ཛྷཱ་ན་པ་ཏི། ཨུད་པ་ད་ནི་བི་ནཱ་མ་ནི། ཨི་བྷི་ཥིཉྩནི། ཨ་བྷི་བྱ། ཧཱ་ར་ཤུ་བྷ་བ་ཏི། ཨ་ཛི་མ། ཨེ་ཧི་ཀུ་མ་པཱ་ལ། བཱ་ཧ་ཧ་ར་ཀླེ་ཤཱ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་\nམཱརྒཱ་ནཱ། ནི་ར་ཧི་ཀ་དྷརྨ་ཏ་ཤུདྡྷ་ལོ་ཀ་བི་ཏི་མ་རི་རཱ་ཛ་ས་དུ་ཁ། ཤ་མ་ན་སརྦ་བུདྡྷ་ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ན་བྷེ་སྭཱ་ཧཱ། ཞེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་སྔགས་ཀྱང་ཅི་ནུས་བཟླས་\nལ༑ དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ཁ་བཀང་། སྔར་བཞིན་མཆོད་ཅིང་བསྟོད་ལ། ཨེ་མ༔ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ དགྱེས་པ་བསྐང་ཕྱིར་\nའདོད་ཡོན་འབུལ༔ ནད་སེལ་སྨན་གྱི་རིགས་རྣམས་འབུལ༔ ཀླུ་རྒྱལ་འདོད་པ་ཚིམས་གྱུར་ཅིག༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ འཇིག་རྟེན་ཁམས་འདིར་ཆར་འབེབས་\nཤིང་༔ འབྲུ་དང་མི་ནོར་འཕེལ་བར་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འདོད་ཡོན་འབྱོར་པ་འཕེལ་བ་དང་༔ ཆེ་བཙུན་བཟང་རྒུ་དབང་སྡུས་",
"type": "text",
"url": null
}
],
"role": "assistant"
}
] | 575 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150223.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ཐོབ༔ ཞེས་པ་སྤྱིར་བདེ་ཆེན་ཞིང་སྒྲུབ་ལས། རྣལ་འབྱོར་བཞི་རིམ་ཞེས། ཐོ་རངས་ཡེ་ཤེས་གསལ་གདབ་པའི་རྣལ་འབྱོར། ཉིན་མོ་སྣང་བ་རྒྱས་བཏབ་པའི་རྣལ་འབྱོར། དགོང་\nམོའི་རིག་པ་གཞི་ལ་སྡད་པའི་རྣལ་འབྱོར། ནམ་ཕྱེད་ཤེས་བྱ་བུམ་པར་འཇུག་པའི་རྣལ་འབྱོར་བཞི་ལས། སྐབས་འདིར་ཐོ་རངས་ཀྱི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་ལྟར་ཡེ་ཤེས་གསལ་\nགདབ་ཅིང་གསོལ་བ་ཐོབ་ལ་རིག་ངོ་སྐྱོངས་ཞེས་པས། རང་གི་སྙིང་དབུས་པདྨ་དམར་པོ་ལ་འདབ་མ་བཞི་པ་ཟེའུ་འབྲུའི་ཁ་བྱེ་བའི་དབུས་སུ་རང་རིག་ཧྲཱིཿཡིག་དམར་པོ་རྣམ་པར་\nབཞུགས་པ་ཉིད། དབུ་མའི་ལམ་རྒྱུད་རྒྱང་གྱིས་ཐོན་ནས་མདུན་གྱི་ནམ་མཁར་ཉི་མ་འབུམ་གྱི་མདངས་བཞིན་ལྷན་ནེར་བཞུགས་པ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཞིང་ཁམས་ན་\nབཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་སྐུལ། བྱིན་རླབས་ཐམས་ཅད་ཚུར་བསྡུས་གཟི་མདང་ལྷག་པར་རྒྱས་པར་བསམས་ལ་རིག་པ་ཧྲཱིཿལ་གཏད། ཤེས་པ་གཟེངས་",
"type": "text",
"url": null
}
],
"role": "assistant"
}
] | 511 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170013.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །པ། 265-194 ཨོ༽ ཕྱག་རྡོར་དྲེགས་པ་ཟིལ་གནོན་གྱི་གཏེར་སྲུང་དགེ་བསྙེན་གསོལ་མཆོད། 295-298 འདི་གནམ་ལྕགས་ཟབ་གཏེར་པོད་། ཙ༽པ་ལྡེབ་476ཕྱག་རྡོར་\nདྲེགས་ཟིལ་གནོན་གྱི་སྣེ་མོར་འཛུད་པར་ཞུ། བཅས་བཞུགས་སོ། སླར་སྨྲས་པ། གནུབས་ལོའི་རྣམ་འཕྲུལ་རྩ་གསུམ་གླིང་གང་གི །ཟབ་ཆོས་ནོར་བུའི་མཛོད་ཀྱི་ཆ་ལག་ཏུ། རིམ་བྱོན་མཆོག་\nསྤྲུལ་བརྒྱུད་འཛིན་བཅས་པའི་གསུང་། ཐོར་བུ་གང་རྙེད་ཕྱོགས་གཅིག་བསྡུས་ཏེ་བཀོད། ། དེ་སླད་དཔལ་མགོན་བླ་མ་ཡི། ། ཐུགས་ཀྱི་དགོངས་པ་རྫོགས་ཕྱིར་དང་། ། གང་ལ་མེ་\nཏོག་ཕོག་པ་ཡི། ། གནམ་ལྕགས་ཟབ་གཏེར་གང་དེའི་གཙོས། །རྒྱུན་དཀོན་གསུང་རབ་བསྡུ་སྐྲུན་དང༌། །ཆད་ཉེའི་སྨིན་གྲོལ་རྒྱུན་སྤེལ་སླད། །འདི་ཡང་བཀའ་གཏེར་སྲི་ཞུ་\nརུ། །ཨེ་ཝཾ་དཔེ་སྐྲུན་ཁང་ནས་བསྒྲུབས། །དེས་ཀྱང་སྙིང་པོའི་རིང་ལུགས་འདི། ། བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས། ། སྙིགས་མའི་རྒུད་པ་ཡོངས་སུ་ཞི། ། རྫོགས་ལྡན་",
"type": "text",
"url": null
}
],
"role": "assistant"
}
] | 561 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160424.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །སྐུ་གསུམ་དགོངས་འདུས་ལས། རཏྣ་ཐོད་ཕྲེང་རྩལ་གྱི་སྒོ་ནས་བཀྲ་ཤིས་གཏེར་བུམ་\nསྒྲུབ་པའི་མན་ངག་འདོད་རྒུ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།",
"type": "text",
"url": null
}
],
"role": "assistant"
}
] | 111 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180151.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ནང་དུ་ལོག །དབྱར་མགོ་མ་སླེབ་བར་དུ་ནང་ལ་བསྡད། །གོས་སློག་ལ་སོགས་ཚེམ་དྲུབ་མང་དུ་བརྒྱབ། །དེ་ནས་མི་རིང་པ་རུ་དགོན་པར་ཕྱིན། །དེ་ཡི་དབྱར་ལ་མར་ཁྲལ་སྡུད་དུ་\nསོང་༑ ་མར་ཁྲལ་འདུས་ནས་མར་རྣམས་དབུས་སུ་བརྫངས། །དེ་ཡི་སྟོན་ཁར་ནས་ལྡོམ་བྱེད་དུ་ཕྱིན། །ནང་དུ་ལོག་ནས་ཞག་འགར་མི་རིང་བར། །གཟིམས་ཁང་དབུ་རྩེའི་ཉི་ར་\nཞིག་ལ་ནི། །བཙན་རྒོད་རྔ་ཐུག་ཡོད་སའི་རྩ་བ་རུ། །ནུབ་མོ་རྒྱུན་དུ་གཅོད་ཐུན་བཏང་ནས་ཉལ། །ནུབ་གཅིག་ཟམ་ཁར་དགེ་བསྙེན་འདུལ་དུ་ཕྱིན། །གཅོད་ཐུན་འབྲིང་པོ་ཙམ་དུ་\nསླེབ་པའི་ཚེ། །གཅན་གཟན་ལུས་ལ་སྒྲ་གཅན་ལྟ་བུ་ཡི། །མགོ་མཇུག་གཉིས་སུ་ཁ་ཡང་ཇི་བཞིན་དོད། །ཆེ་ཆུང་ཚད་ནི་ཝ་མོ་ཙམ་ཞིག་ལ། །མཆེ་བ་ཀྲིག་ཀྲིག་སྐད་ངན་འདོན་པ་\nདང་༑ ༑གདོང་ལ་ལྟ་ཞིང་མཆོང་གྲབས་བྱེད་འདུག་པས། །གཟུགས་ཅན་ཡིན་ནམ་གཟུགས་མེད་ཡིན་ནམ་བསམ། །རྐང་དུང་བླངས་ཤིང་ཁ་རུ་སྲུབ་པ་དང་། །འོ་དོད་བྱས་པས་ས་",
"type": "text",
"url": null
}
],
"role": "assistant"
}
] | 534 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160089.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །པ་ལ་དབང་། སྣོད་བཅུད་བླ་མ་རྩ་གསུམ་ལྷའི་དཀྱིལ་འཁོར་གཅིག་ཏུ་རྫོགས་ནས། འབྲས་བུ་སྐུ་རྡོ་རྗེ་མཆོག་གི་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་\nདུ་བྱས་པའོ། །ཞེས་རྟོགས་པ་སྐྱེད་དོ། །གཉིས་པ་གསང་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་བླ་མ་པདྨ་ཧེ་རུ་ཀའི་རང་འོད་ཀྱི་ཡུམ་མཐིང་འོད་\nའབར་མ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་འཕྲོ་འདུས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་\nཆགས་པ་ཆེན་པོའི་མེས་བཞུ་བ་སྐུའི་དབྱིབས་རྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཅན་དེ་ཉིད་\nལྕེ་ཐོག་ཏུ་སྩལ་བར་མོས་ལ། ཨ བྷནྡྷ་བདེ་བ་ཆེན་པོ་ཆོས་དབྱིངས་སྣོད༔ ཡེ་ཤེས་རང་བཞིན་བདེ་ཆེན་བདུད་རྩིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་",
"type": "text",
"url": null
}
],
"role": "assistant"
}
] | 497 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160464.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་དངོས། །པདྨ་ཐོད་ཕྲེང་རྩ་གསུམ་འཁོར་ལོའི་བསྒྱུར། །དབྱེར་མེད་རང་\nརིག་བླ་མ་ལ་བཏུད་ནས། །གང་གི་སྒྲུབ་ཕྲིན་བཀླགས་ཆོག་འདི་རུ་སྤེལ། །དེ་ཡང་པདྨ་ཐོད་ཕྲེང་སྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ་ལ། སྦྱོར་བའི་ཆོས་མདུན་\nརྟེན་སྐུ་བརྙན་གཙོ་གཏོར་སྨན་རཀ་མཆོད་པ་བཅས་བཤམས། རང་མདུན་ཉེར་མཁོ་ཡོ་བྱད་གསང་སྔགས་སྤྱི་ལྟར་ཚོགས་ནས། དངོས་གཞི་ལས་ཀྱི་གཞུང་བསྲང་བ་ལ། ཐོག་མར་ཚིག་བདུན་",
"type": "text",
"url": null
}
],
"role": "assistant"
}
] | 298 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160022.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྂ༔ པར་མ་རྟོགས་པས༔ གཟུང་འཛིན་ཨ་འཐས་བག་ཆགས་བརྟས་པ་ལས༔ ང་རྒྱལ་རང་རྒྱུད་གཤིན་རྗེའི་ཚོགས་རྣམས་ཀུན༔ དབྱིངས་སུ་འཇོམས་མཛད་\nབཅོམ་ལྡན་འཇམ་དཔལ་དབྱངས༔ སྲིད་གསུམ་ཟ་བྱེད་ཚེ་བདག་ཧེ་རུ་ཀཿ ཡ་མནྟ་ཀ་གཤིན་རྗེ་གཤེད་ཆེན་པོ༔ འཁོར་འདས་ཀུན་ཁྱབ་སྒྲ་འཕྲུལ་དྲྭ་བ་སྣང་༔ རྡོ་རྗེའི་ཕུང་\nཁམས་རྒྱལ་བ་རྟག་པ་སྟེ༔ ཡེ་ཤེས་སྐུ་ཅན་སྐུ་མཆོག་འཇམ་དཔལ་གྱི༔ གཉིས་མེད་འཁོར་ལོ་སྣང་སྟོང་ལྷུན་གྱིས་རྫོགས༔ ཡུལ་གསུམ་གྱད་གྱུར་རྩ་བའི་རིག་པ་སྔགས༔ ཨོ་\nཨེ་ཀཱ་ཡ་མནྟ་ཀ་ཧ་ན་མ་ཐ་བྷནྡྷ་ཧཱུྃ་ཕ྄ཊཿ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དགོངས་པ་འདི༔ བཟླས་པས་སྣང་སྲིད་དྲེགས་པ་དབྱིངས་སུ་འཇོམས༔ འཇམ་དཔལ་ཡེ་ཤེས་གཞོན་\nནུ་མངོན་དུ་གྱུར༔ ས་མ་ཡ༔ གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་པདྨའི་སྙིང་པོའི་རྒྱུད་ལས༔ འཇམ་དཔལ་སྐུའི་རྒྱུད་ཀྱི་ངེས་དོན་སྙིང་པོ་བསྟན་པའི་ལེའུ་སྟེ་ལྔ་",
"type": "text",
"url": null
}
],
"role": "assistant"
}
] | 521 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180399.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ནུབ་མོ་ཞིག །ཡོ་བྱད་ཕྲན་བུ་ཙམ་ཞིག་ཁྱེར་ནས་ནི། །རིམ་པར་སྦས་པའི་ཚུལ་དུ་ཕྱིན་ནས་སོང་། །དེ་ནས་གྱང་སྔོན་ཐང་ལ་སླེབ་པ་དང་། །ཀུན་གྱིས་ཧ་གོ་དབང་བསྐུར་ཞུའོ་\nཟེར༑ ༑དེ་གར་དབང་ལུང་གནང་ནས་ཞག་གཅིག་བསྡད། །དེ་ནས་སྦ་ཐབས་བགྲོད་འགྲོ་བསམ་པའི་ཚེ། །ངང་ཟོ་དགོན་ནས་དགེ་སློང་ཞིག་འདས་པས། །འཕོ་འདེབས་བྱེད་དུ་དེ་\nརུ་འགྲོ་དགོས་བྱུང་། །དེ་ནས་སོང་བས་ཁ་ལུང་བྱ་བ་རུ། །ནུབ་མོ་ཕྱི་འཕྲོས་ཙམ་དུ་འབྱོར་བ་དང་། །རིམ་པར་གནས་ལ་བགྲོད་འགྲོ་བསམ་པའི་ཚེ། །ཡུལ་དེའི་དཔོན་དང་རྒན་པོ་\nཐམས་ཅད་ཀྱིས། །འདི་རུ་ཆོས་ར་ལེགས་འཛུག་གནང་དགོས་ཟེར། །དེ་ལ་ལན་དུ་བདག་གིས་འདི་ལྟར་སྨྲས། །དབང་ཆས་སྒར་སྤྱད་ཆོས་ར་བྱེད་པ་ལ། །ང་ནི་བྱ་བྲལ་ཆས་\nམེད་མི་ཡོང་ཞིང་། །ལྷག་པར་རྒྱལ་མོ་རོང་དུ་འགྲོ་དགོས་ཡོད། །སྦྱིན་བདག་རྣམས་ལ་དགོངས་པ་ཞུའོ་སྨྲས། ཁོང་རྣམས་ཐམས་ཅད་ནན་ཆེར་བྱེད་པ་དང་། །དབང་ཆས་སྒར་",
"type": "text",
"url": null
}
],
"role": "assistant"
}
] | 512 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180033.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འབྱུང་༑ ༑སྔོན་ཚེ་བསྐལ་པ་བཟང་པོའི་དུས་ཚོད་ལ། །ཆོས་རྒྱལ་མང་ཞིག་བྱུང་བའི་གདུང་རབས་དང་། །བཞེངས་པའི་གཙུག་ལག་གདན་ས་སྣ་ཚོགས་ཀྱང་། །དེང་དུས་སྡིག་\nཅན་དམངས་ཀྱི་ཁོལ་པོ་ཡིས། །བཅོམ་ཞིང་ཡང་ཡང་འགྱུར་བ་འདི་ལྟར་ལྟོས། །ཉེ་གནས་དཀོན་པའི་བླ་མ་གྲྭ་པ་རང༌། །འཁོར་གཡོག་འཐོར་ན་རྒྱལ་པོ་རང་གཡོག་ཡིན། །\nལོངས་སྤྱོད་བཀྲེན་ན་ཕྱུག་པོ་ཀུན་ཀྱང་དབུལ། །འབབ་ཆུ་ཞན་ན་འཁྱིལ་ཆུ་ཀུན་ཀྱང་སྐེམ། །དེ་ཕྱིར་སྙན་གྲགས་མཐོ་དམན་ཐ་སྙད་ཡིན། །ཕ་རུས་ཆོ་འབྲང་བཟང་པོ་གསེར་དང་\nའདྲ༑ གསེར་ནི་ས་དང་ཐལ་ཞག་བསྲེས་གྱུར་ཀྱང་། །ཞུན་ཐར་བཅད་པས་རང་ལུགས་ཇི་བཞིན་གསལ། །བསྟན་འགྲོ་གཞན་ཕན་ཅན་གྱི་གང་ཟག་ལ། །རིགས་རྒྱུད་ཆོ་འབྲང་\nབཟང་ངན་མ་ལྟོས་ཀྱང་། །ཉམས་མཚར་སྣང་སོས་དེ་མུར་བྲིས་པ་སྟེ། །དུག་ལྔ་ཉོན་མོངས་ཀློང་ནས་ཡེ་ཤེས་འཁྲུངས། །རྣམ་རྟོག་འཁྲུལ་པའི་གསེབ་ནས་མི་རྟོག་འཁྲུངས། །མ་",
"type": "text",
"url": null
}
],
"role": "assistant"
}
] | 526 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170205.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྃ༔ ཏི་ཐིག་ལེ་ཉག་གཅིག་བཀྲ་ཤིས་ཤོག༔ དམིགས་མེད་ལྟ་བས་དཀྱིལ་འཁོར་བསྡུ་བ་ནི༔ ཨཱཿ ཀ་དག་ངོ་བོ་མི་དམིགས་ཡེ་ནས་དག༔ ཀུན་གསལ་ཆོ་འཕྲུལ་\nརྩ་གསུམ་ལྷ་ཚོགས་རྣམས༔ ལྷན་སྐྱེས་ཡེ་ཤེས་གཉུག་མའི་སྦུབས་སུ་བསྡུ༔ གཤེགས་མེད་གཤེགས་ཡུལ་གཤེགས་བྱ་གདོད་ནས་ཨཱཿ ཨ་ཨ་ཨཱཿ བསྔོ་སྨོན་\nནི༔ ཨཱཿ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབ་པའི་གཙོས༔ བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔ མ་གྱུར་འགྲོ་རྣམས་ཆོས་ཀྱི་དབྱིངས་སུ་\nརྫོགས༔ དམིགས་མེད་སྤྲོས་བྲལ་བསྔོ་སྨོན་མཐའ་རྒྱས་ཤོག ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྣང་སྲིད་དག་པ་རབ་འབྱམས་བླ་མ་སྤྲུལ་སྐུའི་ཞིང་དུ་རྟོགས་པའི་རང་མདངས་སུ༔ ཨོ་རྒྱན་ཡབ་ཡུམ་དང་གཉིས་སུ་\nམེད་པར་ཐུགས་ཡིད་དབྱེར་མེད་དུ་བསྲེས་ཤིང་ཉིན་མཚན་ཆིག་དྲིལ་ཁོར་ཡུག་མུ་མཐའ་བྲལ་བའི་ངང་ནས༔ ལྷ་སྔགས་རོལ་པ་ཆེན་པོར་འབྱམས་ཀླས་སུ་སྤྱོད་ལམ་རྣམ་བཞིའི་ངང་དུ་མ་བྲལ་བར༔ ཨོ་རྒྱན་ཡབ་ཡུམ་ཞལ་མངོན་སུམ་",
"type": "text",
"url": null
}
],
"role": "assistant"
}
] | 537 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160486.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །སྐུ་གསུམ་དགོངས་འདུས་ལས༔ རབ་གནས་ཡེ་ཤེས་རབ་འབར་གྱི་ལྷན་ཐབས་\nབཞུགས་སོ། །",
"type": "text",
"url": null
}
],
"role": "assistant"
}
] | 73 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150339.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བྱེད་པའི་སྣང་བ་དང་། ཟུག་རྔུའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་དང༌། མདོར་ན་བར་དོ་འདིར་ཇི་ཙམ་གནས་པའི་ཕྱེད་ནི་ད་ལྟའི་ལུས་དང་སྐྱེ་བ་འདིའི་བག་ཆགས་ཀྱིས་བྱེད་\nཅིང་༑ ཕྱེད་ཕན་ཆད་ནས་སྐྱེ་བ་རྗེས་མ་དེའི་སྣང་བ་ཤས་ཆེར་འགྱུར་བའོ། །ཕྱེད་ཙམ་དེ་ཤེད་དུ་གཤིན་ཡུལ་སྐྱ་མོའི་གླིང་ན་གཤིན་རྗེ་ཆོས་རྒྱལ་ལ་ལས་མཁན་འཇིགས་སུ་རུང་བ་མང་པོའི་\nའཁོར་གྱིས་བསྐོར་བའི་མདུན་དུ་སླེབས་ནས། ལྷན་སྐྱེས་ཀྱི་ལྷ་དང་འདྲེས་རྡེའུ་དཀར་ནག་བཤེར་ཏེ་དགེ་སྡིག་གི་ཤན་འབྱེད་བྱེད་པའི་སྣང་བའང་འབྱུང་བར་བཤད་ལ། ལར་ཕྱེད་མཚམས་\nཕན་ཆོད་ནས་བརྩམས་ཏེ། ལས་རླུང་དང་དུག་ལྔའི་བག་ཆགས་ཀྱི་རྟེན་འབྲེལ་གྱི་རང་གདངས་ལས། རིགས་དྲུག་གི་སྐྱེ་གནས་གང་དུ་འགྲིམ་དགོས་པའི་དེའི་སྔ་ལྟས་སུ་རྣམ་བྱང་འོད་ཀྱི་\nལམ་ལྔ་གང་རུང་འབྱུང་སྟེ། དེའང་ལྷར་སྐྱེ་ན་འོད་ལམ་དཀར་པོ་བཀྲག་མེད་དང་། དེ་བཞིན་དུ་ལྷ་མ་ཡིན་ལ་དམར་པོ། མི་ལ་སྔོན་པོ། དུད་འགྲོ་ལ་ལྗང་གུ །ཡི་དྭགས་ལ་སེར་སྐྱའི་",
"type": "text",
"url": null
}
],
"role": "assistant"
}
] | 531 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150285.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "ལོར་ཤར་བའི་བསྐྱེད་རིམ་དང་། ཐོས་བསམ་སྒོམ་པ་ལས་བྱུང་བའི་ཉམས་མྱོང་ལྟར་སོ་སོའི་རྒྱུད་ཚོད་ལ་དཔགས་ནས། ཆེན་པོ་གསུམ་གྱི་ལྟ་དགོངས་དང་གོ་མྱོང་རྟོགས་པའི་སྒོ་ནས་རང་\nརྒྱུད་ལ་སྦྱར་ཞིང་། འཁྲུལ་སྣང་གཞན་དབང་དུ་མ་སོང་བར་དངོས་གཞི་ཞི་ལྷག་ཟུང་འཇུག་གི་དོན་ཉམས་སུ་ལེན་པའོ། །གསུམ་པ་གདམས་ངག་ལམ་འཁྱེར་ལ་བསླབ་པ་ནི། གཏེར་\nགཞུང་བར་དོ་དྲུག་གི་རྩ་ཐོ་ལས། ཀྱེ་མཿ བདག་ལ་བསམ་གཏན་བར་དོ་ཤར་བའི་ཚེ༔ སྒོ་གསུམ་མཐའ་བྲལ་ལྟ་བ་བརྟན་པའི་ངང་༔ ཚོགས་དྲུག་ལམ་དུ་ཤར་བའི་འགྱུ་བ་ཀུན༔ དེར\nའཛིན་བཤིག་ལ་མ་བཅོས་སོ་མར་ཞོག༔ དགག་སྒྲུབ་སྤང་བླང་བྲལ་དགོས་དུས་གཅིག་པུ༔ ཏིང་འཛིན་མ་ཡེངས་བསམ་གཏན་སྒོམ་པའི་ཚེ༔ ཉོན་མོངས་འཁྲུལ་པས་ནམ་ཡང་མི་བསླུ་\nཞིང་༔ དྲན་རིག་གཉུག་མའི་གཤིས་ལུགས་རྟོགས་པར་ཤོག༔ ཅེས་གསུངས་པ་བཞིན་མན་ངག་གིས་བདར་ཤ་ཆོད་པར་བྱས་ལ། དངོས་གཞི་ཉམས་སུ་ལེན་སྐབས་རྫོགས་ཆེན་རང་",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150233.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གྱི་གུར་ཕུབ་པ་ལྟར་བསྒོམས་པའི་སྐུའི་དབུས་སུ། ནང་རྩའི་སྟོང་ར་རྩ་དབུ་མ་མཚན་ཉིད་བཞི་ལྡན་གྱི་མར་སྣེ་ལྟེ་འོག་སྤུ་ནག་མའི་ཐད་དུ་འགགས་པ། ཡར་སྣེ་ཚང་བུག་ཏུ་ཧར་རེ་ཡོད་\nཔ༑ དེའི་གཡས་སུ་རོ་མ་དཀར་མོ། གཡོན་དུ་རྐྱང་མ་དམར་མོ་གཉིས་ཡི་གེ་ཆའི་འཕོངས་བཞིན་མར་སྣེ་ལྟེ་འོག་ནས་དབུ་མར་ཚུད་ལ་ཡར་སྣེ་སྣ་བུག་ཏུ་ཟུག་པར་བསྒོམ་པ་\nདང་༑ དབུ་མའི་གནས་བཞིར་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་བོ། གཉིས་པ། གསང་བའི་སྨན་མཆོག་སྒོ་དྲུག་རླུང་ལ་སྦྱང་༔ ཞེས་གསུངས་པ་བཞིན་རླུང་སྒྲུབ་དངོས་\nལ༑ རླུང་གནད་ནི། ཐོག་མར་རླུང་རོ་དགུ་ཕྲུག་ཏུ་བསལ་ཏེ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ་མོ། །དེ་ནས་བུམ་ཆེན་སྦྱོར་བ་བཞི་ལྡན་ཞེས་དལ་བུས་\nནང་དུ་རྔུབ་པ་དང་། སྟེང་རླུང་མནན། འོག་རླུང་བསྐུམ། བར་རླུང་ལྟེ་འོག་ཏུ་བུམ་པ་བཞིན་དགང་བ་དང་། མི་ཐུབ་པའི་ཚེ་གཡས་གཡོན་དབུས་གསུམ་ནང་དུ་གཅུས་སྐོར་གསུམ་",
"type": "text",
"url": null
}
],
"role": "assistant"
}
] | 533 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150168.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འོད་དུ་ཞུ་སྟེ་སྐྱབས་ཡུལ་ལ་ཐིམ། མཐར་བདག་གཞན་ཆོས་དབྱིངས་མཉམ་པ་ཆེན་པོར་བཞག་གོ །གསུམ་པ་དྲོད་རྟགས་ཀྱི་མཚན་མ་ནི། གཏེར་སྒྲུབ་ལས། དེ་ལྟར་སྐུ་གསུམ་མཎྜལ་\nཟླ ནི༔ སེམས་བསྐྱེད་ཐབས་ལྡན་སྨོན་ལམ་གྱིས༔ བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ༔ ཕུལ་བས་ཚོགས་གཉིས་རྫོགས་པའི་རྟགས༔ ཁམས་བདེ་ཉམས་དགའ་དབང་པོ་དྭངས༔ བཟའ་\nབཏུང་ལ་སོགས་མ་བྱས་ཀྱང་༔ ལྟོགས་སྣང་ཡིད་ལ་མེད་པ་དང་༔ ཚོགས་དྲུག་ཡུལ་ལ་ཞེན་པ་ཆུང་༔ བདེ་གསལ་མི་རྟོག་ལྷུག་པར་འཆར༔ ཤེས་རབ་ཕྱེ་ཞིང་རིག་རྩལ་\nརྡོལ༔ དག་སྣང་འཆར་ཞིང་རྨི་ལམ་དུ༔ ཉི་ཟླ་ཤར་དང་གྱེན་ལ་འཛེག༔ མེ་ཏོག་ཐང་ལྗོངས་སྐྱེད་ཚལ་སླེབ༔ བུད་མེད་དུ་མས་ཟས་སྐོམ་བྱིན༔ ནུ་མ་བླུད་དང་མེ་ལོང་\nབལྟ༔ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ༔ དེ་དག་དངོས་ཉམས་རྨི་ལམ་དུ༔ གང་རུང་རེ་རེ་མ་བྱུང་བར༔ འབད་པས་བརྩམ་པ་ཡང་དག་གནངཿ༔ ཅེས་སོ། །བཞི་པ་ཕན་ཡོན་",
"type": "text",
"url": null
}
],
"role": "assistant"
}
] | 513 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150247.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "གཏད་དེ་གཉིད་ལོག་པས་རྨི་ལམ་ཟིན་པར་འགྱུར་རོ། །གཞན་དུ་སྙིང་ནང་གི་ཨ་ཡིག་དཀར་པོ་ནམ་མཁའ་དྭངས་པར་ཟླ་བ་ཤར་བ་ལྟར་ས་ལེར་སྣང་བ་ལ་སེམས་གཏད་དེ་གཉིད་ལོག་\nཔས་རྨི་ལམ་ཟིན་པར་གསུངས་ལ། འདི་ཁོ་ནས་ཆོག་པ་མ་ཟད་འདི་ཉིད་ལག་ལེན་བདེ་ལ་ཟབ་པ་མན་ངག་མྱོང་གྲུབ་མ་ཡིན་ནོ། །དེ་ལྟར་བགྱིས་པས་རྨི་ལམ་ངོས་ཟིན་པར་འགྱུར་ལ་\nཟིན་ཚུལ་ལ་འཇམ་ཟིན་དང་རྩུབ་ཟིན་གཉིས་ལས། འཇམ་ཟིན་ནི། རྨི་ལམ་དུ་འདུག་སྙམ་པ་གཉིད་ཐུམ་འཕྲས་མང་པོ་འབྱུང་བ་ཡིན་ལ། རྩུབ་ཟིན་ནི། གཡང་ལ་ལྷུང་བ། ཁྱིས་དེད་\nཔ༑ གྲིབ་ཀྱིས་ནོན་པ་ལྟ་བུའི་རྨི་ལམ་འཇིགས་སྐྲག་ཅན་རྨིས་པ་དང་རྨི་ལམ་དུ་འདུག་སྙམ་སྟེ་ངོ་ཤེས་པར་འགྱུར་བ་དེའོ། །གལ་ཏེ་ངོས་མ་ཟིན་ན་སད་འཕྲལ་འཕེན་པ་བཏང་སྟེ་སྔར་\nབཞིན་གཉིད་ལོག་ལ་བསྒོམ། དུས་ནི་ཐོ་རངས། ནམ་ལངས། ཉི་ཤར་སོགས་གནད་ཡིན་ལ་ནམ་སྨད་གཉིད་ལྷག་ཅུང་ཡོད་པའི་སྐབས་སུ་སྔར་བཞིན་བཟུང་བར་བྱའོ། །དེར་མ་ཟད་",
"type": "text",
"url": null
}
],
"role": "assistant"
}
] | 518 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150324.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བ་རྣམས་ལ་ནི་སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་དང་། ཐིག་ལེའི་ཟེར་ཐག་གི་འོད་ལམ་དང་ཞིང་ཁམས་ཅི་ཤར་མཐའ་དག་རང་མདངས་ཁོ་ནར་ཡིད་ཆེས་ཤིང་\nཐག་ཆོད་པའི་ངང་ལ་མཉམ་པར་འཇོག་པ་ཤིན་ཏུ་གཅེས་ལ། དེ་ལྟར་བྱ་ནུས་པའི་ཐབས་སུ་ད་ལྟ་ཁྲེགས་ཆོད་གཞིའི་གནས་ལུགས་ལ་བདར་ཤ་ཆོད་ཅིང་། ཐོད་རྒལ་ལམ་གྱི་ངོ་སྤྲོད་རྣམས་\nགནད་དུ་ཐེབས་པའི་སྒོ་ནས་ཉམས་སུ་ལེན། དེའང་རྫོགས་ཆེན་གྱི་རང་གཞུང་སོ་སོ་ནས་འབྱུང་བ་ལྟར་ཁྲེགས་ཆོད་ལ། ངོ་རང་ཐོག་ཏུ་འཕྲོད་པ། ཐག་གཅིག་ཐོག་ཏུ་གཅོད་པ། གདེང་\nགྲོལ་ཐོག་ཏུ་འཆའ་བ་རྣམས་དང་། ཐོད་རྒལ་ལ་སྒྲོན་མ་དྲུག་གི་རང་བཞིན་གཏན་ལ་ཕབ་སྟེ། མི་འགུལ་བ་གསུམ་ལ་གཞི་འཆའ་བ། སྡོད་པ་གསུམ་གྱིས་ཚད་འཛིན་པ། ཐོབ་པ་གསུམ་\nགྱིས་གཟེར་འདེབས་པ། གདེང་བཞིས་གྲོལ་ཚད་སྟོན་པ་སོགས་ཐམས་ཅད་ཁ་ཚིག་ལ་མ་འབྱམས་པར་དོན་དངོས་རྒྱུད་ཐོག་ཏུ་ཁེལ་ན་སྣང་བ་བཞི་མཐར་ཕྱིན་ཏེ། རབ་ཀྱིས་ཕུང་པོ་ཟག་",
"type": "text",
"url": null
}
],
"role": "assistant"
}
] | 509 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180493.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "མེད་བསམ་ཞིང་སྙིང་རླུང་ལྡང་། །དེ་གོ་ཡུལ་རང་མཚང་ཅན་གྱིས་ལོངས། །བདག་རྩ་གསུམ་གླིང་པའི་སྨྱོ་སྤྱོད་ལ། །ཚིག་ཁ་བཤད་དེ་ཙམ་གོ་གོ་ནས། །སེམས་གྲོལ་ཆ་ལྕགས་\nཕུར་ངར་མའི་རྣོ། །བཞུ་རྒོལ་བཏུལ་འདོད་ན་བྱེད་རན་འདུག །དེ་ཉན་ཐོས་གསུམ་གྱིས་གླུ་ལེན་ཡིན། །ད་ཀྲི་ཡོག་གསུམ་གྱི་གླུ་ལེན་ན། །ཕ་ཀུན་ཏུ་བཟང་པོ་ཐོག་མའི་མགོན། །\nགནད་གཅིག་ཤེས་དེ་ལ་རྒྱུད་སྡེ་རྫོགས། །གཞི་ཀ་དག་ཟང་ཐལ་ཟེར་བ་ཡིན། །བརྡ་སྣང་སྲིད་ལུང་རིགས་རི་མོ་མཁན། །དབྱིངས་དགའ་རབ་རྡོ་རྗེ་མ་ལགས་སམ། །ཚིག་མཚོན་\nདུ་མེད་པའི་ཐིག་ལེ་ཆེ། །དེ་ཆོས་སྒོ་བརྒྱད་ཁྲི་འབྱུང་བའི་གནས། །གནད་དོན་གཉིས་ཀློང་ལ་ཤར་བ་ཉིད། །མཁས་ཤྲཱི་སིདྷ་མ་ལགས་སམ། །ཕྱི་ཚོགས་དྲུག་སྒྱུ་མའི་ཉན་ཐོས་\nཀུན༑ །དོན་གང་ཤར་ངོ་བོ་བདག་མེད་རྟོགས། །ཚིག་རང་བཅིངས་སྡོམ་པའི་མུ་གེ་ཡལ། །དགྲ་དུག་ལྔའི་དམག་ཚོགས་བདེ་སྟོང་རོལ། །ཕྱི་མཚན་ཉིད་ལྟ་བའི་བ་གམ་རྒྱས། །",
"type": "text",
"url": null
}
],
"role": "assistant"
}
] | 538 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180747.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཤིང་། ཁོ་བོས་ཀྱང་དགོངས་རྫོགས་ཞི་ཁྲོའི་བསྙེན་སྒྲུབ་དང་། ཐུན་མཚམས་རྣམས་སུ་དཀྱིལ་འཁོར་བྲི་སྒྲུབ་དང་སྲོག་ཤིང་སྒྲུབ་པ་སོགས་བྱས་ལ་གདུང་\nརྟེན་གྲུབ་ནས་སྐྱབས་རྗེ་མཁྱེན་བརྩེ་དེར་ཕེབས་ནས་རབ་གནས་སོགས་གཤེགས་རྗེས་ཀྱི་བྱ་བ་ལེགས་གྲུབ་བྱང་ངོ་། །ཀྱེ་མ་གཏན་གྱི་སྐྱབས་གཅིག་འཁོར་ལོའི་མགོན། །ཡུན་རིང་\nགཞན་དོན་གོམས་པའི་ཐུགས་བསྐྱེད་ཀྱིས། །བསྟན་དང་འགྲོ་བའི་སྒྲོན་མེ་མི་མཛད་པར། །གློ་བུར་ཞིང་གཞན་གཤེགས་པ་ཅི་ལ་དགོངས། །སངས་རྒྱས་པདྨའི་ཕྲིན་ལས་མི་སྐྱོང་\nཞིང་༑ ༑ཉམས་ཐག་འགྲོ་བ་ཡལ་བར་དོར་བཞིན་དུ། །མཁའ་ལམ་འཇའ་དང་འོད་ཀྱི་བཀང་ནས་ཀྱང་། །པདྨ་འོད་དུ་གཤེགས་ལ་ཡ་མཚན་ཅི། །དེས་ན་འདི་གནས་ཉམས་ཐག་\nགདུལ་བྱ་རྣམས། །འདི་ནས་བྱང་ཆུབ་བར་དུ་ཐུགས་རྗེ་ཡི། །འདུ་འབྲལ་མེད་པར་སྐྱོང་ཞེས་ཞལ་བཞེས་པའི། །ཐུགས་དམ་དུས་ལ་མ་འདའ་ཐུགས་རྗེ་ཅན། ཞེས་བར་སྐབས་ཀྱི་\nཚིགས་སུ་བཅད་པའོ། །ཞེས་གཏེར་ཆེན་པད་རྒྱལ་གླིང་པའི་རྣམ་ཐར་ཉུང་ངུར་བསྡུས་པ་ལས། སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་སྐབས་ཏེ་སོ་གཉིས་པའོ།། །། སྐུ་གོང་མའི་",
"type": "text",
"url": null
}
],
"role": "assistant"
}
] | 618 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160097.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ན་གཏོར་དབང་ཁོ་ནས་ཀྱང་རུང་བར་གསུངས་ཏེ། གཞུང་ལས། དང་པོ་བསྐྱེད་བཟླས་ལྷ་དང་དབྱེར་མེད་སྒྲུབ༔ རང་གི་དབང་བླང་སློབ་མའི་བྱ་བ་ཡི༔ སྦྱོར་རྗེས་གཞུང་བཞིན་དངོས་གཞི་གཏོར་དབང་\nནི༔ ཞེས་གསུངས་པ་བཞིན་བདག་བསྐྱེད་ཕྲིན་ལས་འབྲིང་པོའམ་རྒྱུན་ཁྱེར་ཅི་རིགས་སྔོན་དུ་སོང་ནས། ཛཔ་ཁང་དབྱེ་ལ་བདག་མདུན་དབྱེར་མེད་དུ་སྒྲུབ། དབང་བཞིའི་དངོས་གྲུབ་རང་གཞུང་ལྟར་བླང་བའམ་རིག་པའི་མེ་ཏོག་དོར། སྦྱོར་བ་ཁྲུས་\nནས་དབྱུང་བ་དང་། བགེགས་བསྐྲད་སྲུང་འཁོར་བསྒོམ་ལ། ལོ་རྒྱུས་ཀྱི་མཚམས་སྦྱོར་ཅུང་ཟད་དང་བཅས། ད་ལམ་བླ་མའི་ཐུགས་སྒྲུབ་སྐུ་གསུམ་དགོངས་པ་འདུས་པའི་བྱིན་རླབས་གཏོར་མའི་དབང་\nབསྐུར་སྒྲུབ་པ་ལ་སོགས་མཎྜལ་མདོར་བསྡུས་དང་། དེ་ནས་མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་དགོངས་པ་འདུས་པའི་ལྷ་ཚོགས་ལ་ཕྱོགས་བཅུའི་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་\nམེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སེམས་སྔོན་དུ་འགྲོ་བས་བསགས་སྦྱང་གི་གནད་འདུས་འདིའི་དོན་ལ་བསམ་ཞིང་ཚིག་གི་རྗེས་ཟློས་",
"type": "text",
"url": null
}
],
"role": "assistant"
}
] | 576 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160516.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྃ༔ ཤེ ས་འཆར་སྒོ་ཕྱེས༔ དགའ་བཞི་བདེ་སྟོང་གསང་སྒོ་ཕྱེས༔ གྲོལ་ལམ་འཇའ་ལུས་ཕོ་ཉ་སྩོལ༔ འཇའ་ལུས་དགའ་བཞིའི་དབང་བཞི་\nསྩོལ༔ གསང་བ་མཆོག་དགའི་དབང་བཞི་སྩོལ༔ ཡེ་ཤེས་དགའ་བྲལ་དབང་བཞི་སྩོལ༔ ངོ་སྤྲོད་ལྷན་སྐྱེས་དགའ་བཞི་སྩོལ༔ ཨོཾ་ཨཪྻ་མ་རི་ཙྱེེ་རསྨི་བྷ་ཝ་སུ་ཁཾ་སིདྡྷི་ཛཿ \nམ་མ་རཀྵ་ཀུ་རུ་ཧཱུྃ༔ ཞེས་དར་ཐག་ཡེ་ཤེས་ཀྱི་འོད་ཟེར་ལྔ་རུ་གྱུར་ནས༔ དེའི་རྒྱུད་ནས་ཚུར་འདུས་ཏེ༔ འོད་ཟེར་ཅན་མ་བདག་གི་བར་ཆད་བདུད་བཞི་སེལ་བའི་རིག་མར་གྱུར་པར་བསྒོམ༔ དེ་ནས་རང་ཉིད་ཉི་མ་འོད་ཟེར་དུ་གྱུར་\nཔའི་ཡུམ་ལྷ་མོ་འོད་ཟེར་ཅན་བྱོན་ཏེ༔ དཔང་དུ་ཟུང་འཇུག་འཁྲིལ་བར་བསྒོམ༔ དབང་གི་ཆུ་བོ་བཞི་བབ་ཏེ༔ ལྡོགས་པའི་འཁྲུལ་འཁོར་ཀྱིས་དྲངས་བདེ་སྟོང་མཁའ་ལ་བཀྲམས༔ ཡེ་ཤེས་བཞི་ཡི་རྣལ་འབྱོར་ཤེས་པར་བྱ༔ ཧཱུྃ༔ རང་\nཉིད་ཉི་མ་འོད་ཟེར་སྐུ༔ ཐུགས་ཀའི་ཧཱུྃ་གི་འཕྲོ་འདུ་ཡིས༔ ལྷ་མོ་འོད་ཟེར་སྤྱན་དྲངས་གྱུར༔ ཟུང་འཇུག་བདེ་སྟོང་ཡུམ་དུ་གྱུར༔ འཁོར་ལོ་ལྔ་ཡི་དབང་བཞི་",
"type": "text",
"url": null
}
],
"role": "assistant"
}
] | 608 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150371.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །མགྲོན་པོའི་འདུ་ཤེས། གནས་བདེ་ཆེན་ལ་འགྲོ་སའི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ཞེས་བྱའོ། དེ་ལའང་བདག་དོན་དང་གཞན་དོན་\nགཉིས༑ དང་པོ་བདག་དོན་ལའང་སྦྱང་བ་དང་ལས་ལ་སྦྱོར་བ་གཉིས། དང་པོ་ལའང་སྦྱང་བའི་དགོས་པ་དང་སྦྱོང་བ་དངོས་གཉིས་སོ། །དང་པོ་ནི། འཕོ་བ་ལ་བརྟེན་ནས་རང་གཞན་\nགྱི་དོན་བྱ་བར་འདོད་པ་དག་ཐོག་མར་བླ་མའི་ཞལ་ལུང་ཐོབ་ཅིང་ཉམས་མྱོང་གོམས་འདྲིས་སྦྱངས་རྟགས་ཐོན་པ་ཞིག་གལ་ཆེ་ཞིང་དེའི་ཚུལ་ཡང་། གཏེར་གཞུང་མཚོ་རྒྱལ་གྱི་ཞལ་ལུང་\nལས༑ རང་རྒྱུད་ནང་ནས་མ་ཐུལ་ན༔ གཞན་རྒྱུད་ཕྱི་ནས་གྲོལ་བར་དཀའ༔ ཞེས་དང་། རླུང་རིག་དབུ་མར་མ་སྦྱངས་ན༔ འཕོ་བའི་གདམས་པ་སྤེལ་མི་དེཿ སྐྱ་བ་མེད་པའི་གྲུ་\nདང་འདྲ༔ གཞན་གྱི་ཤེས་རྒྱུད་མ་མཐོང་བའི༔ མཁྱེན་གཉིས་མངོན་ཤེས་འཆད་པ་དེ༔ ལོང་བ་ལྷ་ཁང་སླེབས་པ་འདྲ༔ ཁ་ཚིག་འཛིན་པའི་ཆོས་བཤད་དེ༔ བོང་བུར་གསེར་",
"type": "text",
"url": null
}
],
"role": "assistant"
}
] | 488 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170018.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "རྒྱན༴ གནས་སྐབས་ཟང་ཟིང་གི་གཡེང་བ། ། དབྱར་ཆུ་དྲག་བཞུར་གྱི་སྐབས་འདིར། ། བླ་མའི་ཐུགས་རྗེས༴ དྲིན་ཅན་ཨོ་རྒྱན༴ །གཉེན་འདུན་ཚོང་འདུས་ཀྱི་མགྲོན\nཔོ༑ ༑ངེས་མེད་བྲལ་ཉེ་ཡི་སྐབས་འདིར། ། བླ་མའི་ཐུགས་རྗེས༴ དྲིན་ཅན་ཨོ་རྒྱན༴ །འདིར་སྣང་དགའ་བདེ་ལ་གོལ་ནས། ། འཕྲལ་ཡུན་རྒྱགས་ཟད་ཀྱི་སྐབས་\nའདིར༑ ༑བླ་མའི་ཐུགས་རྗེས༴དྲིན་ཅན་ཨོ་རྒྱན༴ ། བསྐྱེད་རྫོགས་ངོ་སྤྲོད་ཅིག་ཐོབ་རུང་། ། ཉམས་ལེན་རླུང་ཁྱེར་གྱི་སྐབས་འདིར། ། བླ་མའི་ཐུགས་རྗེས༴དྲིན་\nཅན་ཨོ་རྒྱན༴། སྐྲ་བྲེགས་ངུར་སྨིག་གིས་བརྒྱན་ཀྱང་། ། ངེས་འབྱུང་གཏན་བྲལ་གྱི་སྐབས་འདིར། ། བླ་མའི་ཐུགས་རྗེས༴དྲིན་ཅན་ཨོ་རྒྱན༴དབང་ཁྲིད་དམ་ཚིག་\nགིས་བསྒོས་ཀྱང་། ། སྲུང་སྡོམ་ཉག་ཕྲ་གི་སྐབས་འདིར། ། བླ་མའི་ཐུགས་རྗེས༴དྲིན་ཅན་ཨོ་རྒྱན༴གཞིས་དགོན་བསླབ་སྦྱང་ལ་འགྲིམས་ཀྱང་། ། ཐ་མལ་རོང་",
"type": "text",
"url": null
}
],
"role": "assistant"
}
] | 533 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170287.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། ། རཏྣ་སིདྡྷི་ཧོཿ ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་ཉིད་ཡེ་ཤེས་ལྷ། ། གར་གྱི་དབང་ཕྱུག་གནོད་སྦྱིན་རྡོ་རྗེ་རྒྱལ། ། དངོས་གྲུབ་ནོར་གྱི་བདག་པོ་ཁྱོད་ལ་\nབསྟོད༑ ། བདག་ལ་ཚེ་དབང་ནོར་གྱི་དངོས་གྲུབ་སྩོལ། དེ་ནས་བཟོད་གསོལ་ནི། ཧཱུྃ། ཡེ་ཤེས་དབྱིངས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། ། བདག་ཅག་མ་རིག་དབང་གིས་\nལུས་ངག་ཡིད། ། ལོག་པར་རྟོག་སྤྱོད་ཡེ་ཤེས་ལྷ་ཚོགས་ཀྱི། ། ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས། ཡིག་བརྒྱ་དབྱངས་གསལ་བཟླ། དེ་ནས་བཀྲ་ཤིས་\nནི། ཧཱུྃ། ཆོས་སྐུའི་བཀྲ་ཤིས་ལྟ་བ་མཁའ་ལྟར་དག། ལོངས་སྐུའི་བཀྲ་ཤིས་སྒོམ་པ་འཇའ་ལྟར་ཤར། ། སྤྲུལ་སྐུའི་བཀྲ་ཤིས་སྤྱོད་ཡུལ་མཐའ་ལས་འདས། ། སྐུ་\nགསུམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག། ཅེས་བཀྲ་ཤིས་གང་རིགས་བརྗོད། དེ་ནས་བསྔོ་བ་སྨོན་ལམ་ནི། ཧོ༔ བདག་གི་ཚེ་རབས་ཀུན་ཏུ་བསགས་པ་ཡི། ། དགེ་བ་རྒྱ་ཆེར་འགྲོ་",
"type": "text",
"url": null
}
],
"role": "assistant"
}
] | 527 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150333.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བཞིན་སྤྲུལ་པར་དབུགས་དབྱུང་སྟེ། །བར་དོ་མེད་པར་འཚང་རྒྱ་ཉིད། །ཅེས་གསུངས་ལ། དེས་ན་སྲིད་པ་བར་དོ་དངོས་དེ་གང་ཡིན་ཞེ་ན། ལུས་སེམས་གྱེས་ནས་ཆོས་ཉིད་ཀྱི་འོད་\nགསལ་སྒྲ་འོད་ཟེར་གསུམ་སོགས་རང་སྣང་ཡིན་པར་ངོ་མ་ཤེས་ནས་དེ་དག་ཡལ་ཞིང་། འཁྲུལ་པའི་བག་ཆགས་ལངས་པ་ནས་མགོ་བཟུང་སྟེ་ཕྱི་མའི་མངལ་དུ་མ་ཆུད་ཀྱི་བར་སྐབས་དེ་དག་\nལ་སྲིད་པ་ལས་ཀྱི་བར་དོ་ཞེས་བྱའོ། །གཉིས་པ་འཆར་ཚུལ་རྒྱས་པར་བཤད་པ་ནི། དེའང་གང་ཟག་ཐ་མལ་བ་རྣམས་གདམས་པ་ཟབ་མོའི་གནད་དང་ནི་མ་ལྡན། ཐིམ་རིམ་རྣམས་ཀྱི་ཟུག་མྨེ\nེརྔུ་ཉམས་སུ་མྱོང་ཞིང་སླར་གཞིའི་འོད་གསལ་འཆར་བ་དེ་ལ་ཕལ་པ་དག་བརྒྱལ་བ་ཞེས་ཀྱང་ཟེར་ལ། རང་ངོ་མ་ཤེས་པས་བརྒྱལ་བ་ལྟ་བུ་ཞིག་བྱས་ནས་མཐར་ཁམས་དཀར་དམར་སྟེང་\nའོག་གི་སྒོ་གཉིས་སུ་ཐོན་སྐབས། རྣམ་ཤེས་སྒོ་དགུ་གང་རུང་གཅིག་ཏུ་འཐོན་པར་འགྱུར་ལ། འདིའི་དུས་སུ་ཆོས་ཉིད་ཀྱི་རང་སྒྲས་ནི་དངངས། འོད་གསལ་གྱི་སྣང་བ་ལ་ནི་སྐྲག ཐུགས་",
"type": "text",
"url": null
}
],
"role": "assistant"
}
] | 521 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180498.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །བདེ། །གཏེར་ཡིད་བཞིན་ལོན་པས་འགྲོ་བ་འཚེངས། །དུས་རྟེན་འབྲེལ་འགྲིགས་པས་བཀྲ་ཤིས་དགེ །རྟེན་ནམ་ཡང་ཡར་ལྡན་འབྱུང་བར་ཤོག །དེ་\nསྐད་ཙམ་དུ་གླུ་རུ་བླངས་པ་དང་། །རྟེན་འབྲེལ་དགའ་བྲོད་ངང་དུ་ལོག་སྟེ་སོང་། །དེ་ནས་ཉེར་ལྔ་ནས་བཟུང་ཚེས་གཅིག་མཚམས། །ཀཿནམ་སྡེ་པ་ཚང་གིས་གདན་འདྲེན་\nབྱུང་༑ ༑ཚེས་གསུམ་སྔ་དྲོར་བྲག་རྩར་འགྲོ་བར་བྱས། །གསང་སྔགས་བསྟན་སྐྱོང་ཞེས་བྱའི་མཚན་ཅན་ལ། །མཆོད་ཡོན་རྟེན་འབྲེལ་འགྲིགས་བཞིན་མཇལ་འཕྲད་བྱས། །གཏེར་\nསྒོམ་ཤོག་སེར་ལ་སོགས་མཇལ་ཁ་ཕུལ། །ཚེས་བདུན་ཉིན་ལ་པདྨ་ཡང་རྩེར་བྱོན། །འཆི་མེད་ཚེ་ཡི་གཏེར་སྒྲུབ་ཞག་བདུན་བསྡད། །དངོས་སམ་རྨི་ལམ་ཉམས་དང་ཟ་ཟི་ལ། །\nགྲུབ་རྟགས་རྟགས་དང་ལུང་བསྟན་འགའ་རེ་བྱུང་། །སྐབས་སུ་ཤོག་སེར་རྣམས་ཀྱང་འགའ་རེ་ཕབ། །བཅུ་གསུམ་ནམ་ལངས་དངོས་གྲུབ་བླངས་པའི་ཚེ། །པད་ཞྭ་ཆོས་གོས་ལ་",
"type": "text",
"url": null
}
],
"role": "assistant"
}
] | 510 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150066.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "རང་གི་སེམས་ཀྱི་ཡུལ་དུ་སངས་རྒྱས་ཀྱི་སྐུ་གཟུགས་ལེགས་པར་གསལ་སྣང་གི་ཚུལ་དུ་ཏིང་འཛིན་གྱིས་མཚན་མའི་གཟུགས་སྣང་བར་འགྱུར་ཏེ། དེའང་དང་པོ་ཡིད་ཡུལ་དུ་མེ་ལོང་ལ་\nགཟུགས་བརྙན་ལྟར་ལྷང་ངེ་ལྷན་ནེར་གསལ་ཞིང་། དེ་ལ་ཆེར་གོམས་པས་རང་གི་དབང་པོའི་ཡུལ་དུའང་མངོན་སུམ་ལྟ་བུར་གསལ་བར་འགྱུར་ལ། ད་དུང་གོམས་ན་གཞན་པ་དག་གི་\nདབང་པོའི་ཡུལ་དུའང་རང་གིས་ཇི་ལྟར་དམིགས་པའི་སྣང་བ་དེ་ཉིད་མཐོང་ནུས་པར་འགྱུར་ཏེ། དཔེར་ན་རྒན་མོས་རང་ལུས་སྟག་མོར་བསྒོམས་པས་གཞན་གྱིས་སྟག་དངོས་སུ་མཐོང་\nབ་ལྟ་བུའོ། །གསལ་བ་དང་པོ་ཡིད་ཀྱི་ཡུལ་དང་། གཉིས་པ་དབང་པོའི་ཡུལ་དང་། གསུམ་པ་རེག་པའི་ཡུལ་དུ་སྣང་བ་ཞེས་སྔ་འགྱུར་བའི་བསྙེན་སྒྲུབ་ཀྱི་ཡིག་ཆ་རྣམས་སུ་གསུངས་\nཔ་བཞིན་ནོ། །དེའི་ནང་གི་གསལ་བ་དང་པོ་ཙམ་ཞིག་གྲུབ་པའི་དུས་ནས་ཀྱང་ལྷག་མཐོང་ལ་འཇུག་པར་བྱའོ། །ལྷག་མཐོང་གི་ངོ་བོ་ནི། མདོ་དགོངས་པ་ངེས་འགྲེལ་ལས། བཅོམ་",
"type": "text",
"url": null
}
],
"role": "assistant"
}
] | 519 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108815/I1PD1088150110.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འདེགས་པའི་དུས་ཤིག་འོང་ངེས་ལ། དེ་ཡང་ནམ་ཡོང་ཆ་མ་མཆིས་ཏེ་སང་ཞིག་བྱུང་ན་རང་ལ་མི་འཇིགས་པའི་གདེང་ཞིག་ཡོད་དམ། དེ་བས་ད་ལྟ་རང་དབང་ཡོད་དུས་ཆོས་གཤའ་མ་\nཞིག་སྒྲུབ་མ་ཐུབ་ཚེ་བདག་ཉིད་ཆོས་མེད་ཤི་བའི་འོག་ཏུ་གཤིན་རྗེའི་ཡུལ་ནས་འགྱོད་དུས་འཕྱིས་དྲགས་ལ། སྐབས་དེར་ངན་སོང་གསུམ་གྱི་སྡུག་བསྔལ་དོས་དྲགས་པ་ལ་བསམ་ན་སུ་\nཡིས་བཟོད་པར་ནུས་སྙམ་པའི་སྙིང་དུང་ངེར་བསྒོམ་མོ། །དེས་ན་ད་རེས་དཀོན་མཆོག་གི་ཐུགས་རྗེའི་དཔྱང་ཐག་གིས་ཟིན་ནས་འགྲོ་ཀུན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཐུབ་པ་ཞིག་བདག་\nགིས་བྱའོ་སྙམ་པའི་དམ་བཅའ་དང༌། དེ་ལྟར་ནུས་པའི་ཆེད་དུ་གསོལ་བ་སྙིང་ནས་འདེབས་སོ། །བླ་མ་དང་གཉིས་སུ་མེད་པའི་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁྱེད་མཁྱེན། དུས་ད་ལྟ་ཉིད་དུ་\nབྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད། རྗེ་བཙུན་དམ་པ་ཁྱེད་ལས་རེ་ལྟོས་གཞན་སུ་ཡང་མི་འདུག་ན། ཁྱེད་ཀྱིས་བདག་འཆི་བ་སྙིང་ནས་དྲན་ཏེ་ཆོས་གཤའ་མ་ཞིག་འགྲུབ་",
"type": "text",
"url": null
}
],
"role": "assistant"
}
] | 519 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160534.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྃ༔ བཀའ་བརྒྱད་ཆེན་མོ་གསང་བ་ཟིལ་གནོན་ལས༔ རི་བསྟོད་གསས་མཁར་ལྷ་ཁང་བརྩེགས་པའི་\nགསོལ་མཆོད་བཀྲ་ཤིས་ལྷའི་གྷནྡྷོ་བཞུགས་པའི་དབུ་ཕྱོགས་སོ༔",
"type": "text",
"url": null
}
],
"role": "assistant"
}
] | 112 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108817/I1PD1088170080.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "འཆར་བར་བྱིན་གྱིས་རློབས། ། ཚེ་གཅིག་འཇའ་ལུས་གྲོལ་བར་བྱིན་གྱིས་རློབས། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། བླ་མ་མཁྱེན་ནོ། པྲཉྫ་གྷོ་ཥས་སོ། ། ། ། ",
"type": "text",
"url": null
}
],
"role": "assistant"
}
] | 123 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160016.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༁ྂ༔ སྣང་མ་འགགས་ཐུགས་རྗེའི་འཆར་ཚུལ་ལས༔ མ་རིག་གཉིས་འཛིན་འཁྲུལ་དབང་འཁོར་བར་འཁྱམས༔ དེ་ལྡོག་སླད་དུ་བསྐྱེད་དང་རྫོགས་པའི་\nཚུལ༔ སྣང་སྟོང་ཐབས་ཤེས་གཉིས་སུ་མེད་པར་ངེས༔ དབྱེ་བ་སྐུ་དང་གསུང་དང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་སོགས་ཡེ་ཤེས་ཀློང་དགུར་དབྱེ༔ སྒྲུབ་ཐབས་ཡན་ལག་ལོ་\nའདབ་མེ་འབྲས་ཚུལ༔ ཆོས་ཉིད་དོན་ལ་ཐ་དད་མ་མཆིས་ཀྱང་༔ ཆོས་ཅན་མ་འགགས་ཐེག་པ་རིམ་པ་དགུ༔ མ་ངེས་གདུལ་བྱའི་བློ་དང་འཚམས་པ་ཡི༔ གང་འདུལ་སྒྱུ་\nའཕྲུལ་དྲྭ་བའི་འཁོར་ལོ་ནི༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཚད་མེད་ཕྱིར༔ བྱུང་དང་འབྱུང་གྱུར་དོན་དུ་ཡང་དག་སྟོན༔ ས་མ་ཡ༔ གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་\nཔདྨའི་སྙིང་པོའི་རྒྱུད་ལས༔ རྒྱུད་ཀྱིས་ངེས་ཚིག་དང་དབྱེ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ཀཾ༔ སེམས་དཔའ་པདྨའི་སྤྱན་གྱིས་སླར་ཞུས་པ༔ རྒྱུད་ཀྱི་རྩ་བ་སྡོང་པོ་ཇི་",
"type": "text",
"url": null
}
],
"role": "assistant"
}
] | 485 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108818/I1PD1088180045.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "བཟང་པོའི་འབྲེལ་ཚད་དོན་ལྡན་ཤོག །སྐྱེས་པའི་ཚེ་སྐྱེ་གནས་བར་དོ་སྦྱངསཤིང་རྟགས་རྟེན་འབྲེལ་སོགས་ཕྲན་བུ་བྱུང་བ་གླུ་རུ་བླངས་པའི་ལེའུ་སྟེ་དྲུག་པའོ། །ཨོཾ་བཛྲ་ཨ་དྷི་ཏིཥྛ\nཧཱུྃ༑ ཨེ་མ་ཧོ། ཀུན་ཏུ་བཟང་པོའི་ཐུགས་རྗེའི་འོད་ཟེར་ལས། །མ་འགགས་དྲྭ་བའི་རྣམ་རོལ་དགའ་རབ་པ། །ལེགས་པར་སྤྲུལ་ནས་རྒྱ་མཚོར་སྐུ་འཁྲུངས་པ། །མཚུངས་མེད་\nབདག་གི་རྗེ་དེའི་ཞབས་ལ་འདུད། །དེ་ནས་ཞག་པོ་འགའ་ཞིག་སོང་བ་རུ། །སྲིའུ་གསོ་བའི་སྔགས་པ་བཙལ་བ་ལ། །ཡུལ་ཕྱོགས་གཉིས་སུ་མི་འགྲིམ་མངག་པའི་ཚེ། །བན་\nསྔགས་ཁྲོ་འབུམ་བོན་སྔགས་གཙོ་མཆོག་པ། །ཕྱོགས་ནས་བན་བོན་གཉིས་པོ་སྤྱན་དྲངས་ཏེ། །སྲུང་བ་ཟ་ཡིག་རང་རང་ལུགས་སུ་མཛད། །ཡུམ་གྱིས་མིང་བཏགས་ལམ་ལྷ་རྡོ་རྗེ་\nཞེས༑ ༑བན་སྔགས་མིང་བཏགས་བཀྲ་ཤིས་ཕུན་ཚོགས་ཞེས། །བོན་སྔགས་མིང་བཏགས་གཙོ་མཆོག་དབང་ཕྱུག་ཅེས། །གྲུབ་ཐོབ་འགའ་ལ་མིང་ཞུས་བྱེད་དུ་བཏང་། །བླ་མས་",
"type": "text",
"url": null
}
],
"role": "assistant"
}
] | 538 |
[
{
"content": [
{
"text": null,
"type": "image",
"url": "https://s3.us-east-1.amazonaws.com/monlam.ai.ocr/norbuketaka_pages/W4CZ1042/I1PD108816/I1PD1088160337.png"
},
{
"text": "OCR the following Tibetan Text",
"type": "text",
"url": null
}
],
"role": "user"
},
{
"content": [
{
"text": "༄༅། །ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་ཕྲན་གཅིག་པ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲུ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་\nཔ༑ ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་པའི་ཕྱིར་བ་བྱུང་བདུད་རྩི་ལྔ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོ་བཅལ་དུ་བཀྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་\nཞིམ་པ་ཇི་ལྟར་རིགས་པ་ཟླུམ་པོར་བརྩིག སློབ་དཔོན་གྱི་གཡོན་ཕྱོགས་ཐབས་དང་ཉེ་བར་མཆོད་རྫས་དང་། གཡས་སུ་བསྲེག་རྫས་རྣམས་མི་རིང་བར་ཉིས་རིམ། མདུན་དུ་བསངས་ཆུ་རྡོར་དྲིལ་",
"type": "text",
"url": null
}
],
"role": "assistant"
}
] | 345 |
End of preview. Expand
in Data Studio
README.md exists but content is empty.
- Downloads last month
- 15